70769

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡར་ཀླུང་བཀྲ་ཤིས་ཆོས་སྡེ་ (1)
Part of speech མིང་ཚིག
Definition ཆོས་སྡེ་འདི་ནི་ལྷོ་ཁ་སྣེ་གདོང་རྫོང་དུ་ཆགས་ཤིང་། ཚར་ཆེན་གྱི་དངོས་སློབ་མཐུ་སྟོབས་ཀྱི་དབང་ཕྱུག་ཡོལ་བ་རྡོ་རྗེ་འཆང་གཞོན་ནུ་བློ་གྲོས་ཀྱིས་ལྕགས་སྟག ཕྱི་ལོ་ ༡༥༩༡ ལོར་བཏབ། ས་སྐྱ་ཚར་ལུགས་ཀྱི་སྲོལ་འཛིན་པའི་གདན་ས་གྲགས་ཅན་ཞིག་ཡིན། དགོན་པ་འདིར། འདུ་ཁང་ཀ་བ་བཅུ་དྲུག དུས་འཁོར་སྐུ་གསུང་ཐུགས་རྫོགས་དཀྱིལ། རྡོ་རྗེ་གུར་རིགས་བསྡུས། ཀྱེ་རྡོར་ཚར་ལུགས། ཀུན་རིག ། འཇིགས་བྱེད་བཅུ་གསུམ་པ། འདུ་ཁང་དུ་ཚར་ཆེན་སྐུ་བྱིན་ལྡན། གཡས་སུ་མགོན་ཁང་ན་གུར་ཞལ་ལྷ་གསུམ་ཐོག་ཚད། དྲི་གཙང་ཁང་དུ་ཐུབ་ཆེན་ཉེ་སྲས་བརྒྱད་སོགས་དང་། སློབ་དཔོན་རིན་པོ་ཆེ། ཀུན་མཁྱེན་ལྔ་པ། གཡོན་དུ་རྣམ་སྲས་ལྷ་བརྒྱད། ཐོག་ཁང་གནས་གསར་ཀུན་དགའ་ལེགས་པའི་སྐུ། གཡས་གཡོན་དུ་ས་སྐྱའི་ལམ་འབྲས་བྱིས་པ་ལོ་བཅུ་དྲུག་ཙམ་ཉི་ཤུ་ལྷག ཀ་བཞི་ལྷ་ཁང་། འདུ་སྟེང་གདན་ས་ཐོག་མར་བཏབ་པ་པོ་མཁན་ཆེན་གཞོན་ནུ་བློ་གྲོས་དངུལ་གདུང་། བཀའ་འགྱུར། སྐུ་འདྲ་མི་ཚད། ལི་མ་སོགས་མང་། གཡས་སུ་གནས་གསར་མཁྱེན་བརྩེའི་དབང་ཕྱུག་དངུལ་གདུང་ཁང་། ཡང་གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན་འདྲ་ཞལ་དང་། དངུལ་གདུང་ཁང་། རྗེ་དབང་ཕྱུག་རབ་བརྟན་སྐུ་གདུང་དངུལ་གདུང་ཐོག་སླེབས་ལྷ་ཁང་། དབུ་རྩེར་ལམ་འབྲས་བླ་བརྒྱུད་མི་ཚད་མ་ལྔ་བཅུར་ཉེ་བ། འཆམ་གོས་སྦུབ་སིལ་སོགས་ལྔ་པ་ཆེན་པོས་ཁྱབ་བདག་བཀའ་འགྱུར་བར་བདག་རྐྱེན་གནང་བས་ཤིན་ཏུ་ལེགས་པ་སོགས་རྟེན་མང་། རྗེ་དབང་ཕྱུག་རབ་བརྟན་སྤྱན་དྲངས་པར། སྣེའུ་གདོང་རྩེ་ནས་གོང་མ་སྡེ་སྲིད་ནས་བསྐོ་འཇའི་ལུང་བཟང་པོ་གནང་སྦྱིན་དང་བཅས་པ་དང༌། ཁྲི་སྟོན་གྱི་མཆོད་སྤྲིན་རྒྱ་ཆེར་བསྐྲུན། མགོན་པོ་བསོད་ནམས་མཆོག་ལྡན་བཀྲིས་ཆོས་སྡེར་བྱོན་པས། རྒྱུད་ཀྱེ་རྡོར་མན་ངག་ལུགས། བདག་མེད་ལྷ་མོ་བཅོ་ལྔ༌། གུར་རིགས་བསྡུས། འཇིགས་བྱེད་རྭ་ལུགས། ཕྱག་རྡོར་འཁོར་ཆེན། མ་རྒྱུད་ལོ་ནག་གཉིས། ནཱ་རོ་མཁའ་སྤྱོད། མཁའ་འགྲོ་རྒྱ་མཚོ། སངས་རྒྱས་མཉམ་སྦྱོར། རྡོ་རྗེ་གདན་བཞི། སམ་པུ་ཊི། གུར་ལྷ་བརྒྱད། སྒྲུབ་མཆོད་ལ་དགོས་པའི་གར་ཐིགས་དབྱངས་གསུམ་སོགས་ཕྱག་ལེན་ཆེ་ཕྲ་མཐའ་དག་སྐུ་དངོས་ཀྱི་ཕྱག་ཁྲིད་དུ་མཛད་པ་སོགས་ནི། བུ་སྟོན་རིན་པོ་ཆེ། བྱམས་པའི་རྣམ་སྤྲུལ་ཀུན་བཟང་འཕགས། ཀུན་མཁྱེན་རྡོ་རྗེ་གདན་པ་གསུམ་གྱི་མཛད་པའི་རྗེས་སུ་འཇུག་པའི་ངོ་མཚར་གྱི་གནས་ཆེ་བ་ཞིག་ཏུ་སྣང༌། མཁས་གྲུབ་ཀྱང་མང་དུ་བྱོན་པ་རྣམས་དང་། ལྷག་པར་མགོན་པོ་བསོད་ནམས་མཆོག་ལྡན་སྐུ་ཕྲེང་ན་རིམ་དང་གནས་གསར་བའི་གདུང་རིགས་ཀྱིས་བསྐྱངས་ཏེ། ཚར་ལུགས་སམ་རྗེ་བཙུན་ཁའུ་བྲག་རྫོང་པའི་རིང་ལུགས་དར་ཞིང་རྒྱས་པར་མཛད་ཅིང་། དགེ་འདུན་ཞལ་གྲངས་འཕེལ་རིམ་སྣ་ཚོགས་བྱུང་ཏེ་ཕྱིས་སུ་ལྔ་བཅུ་ཙམ་གྱི་ས་སྐྱ་ཚར་ལུགས་ཕྱག་བཞེད་བསྐྱངས།

{{#arraymap:ཡར་ཀླུང་བཀྲ་ཤིས་ཆོས་སྡེ་

|; |@@@ | | }}