70945

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡི་གེ་ (1)
Part of speech མིང་ཚིག
Definition སྒྲ་རིག་པ། མིང་དང་ཚིག་གཉིས་ཀྱི་རྩོམ་གཞིའམ་དེའི་ངོ་བོ་འགྲུབ་བྱེད་ཀྱི་རྒྱུ་གྱུར་པའི་སྐད་ཀྱི་གདངས་ཞིག་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། གསུམ་པ་ཡི་གེ་ལ། མཚན་ཉིད་དང་། མཚན་གཞི་གཉིས་ལས། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་དེ། ཡི་གེའི་མཚན་ཉིད། དེ་ལ་དབྱངས་ཡིག་དང་། གསལ་བྱེད་གཉིས་ལས། དང་པོ་ལ་དབྱངས་ཡིག་བཅུ་དྲུག་ཡོད་ཅིང། དེ་དག་ནི། ཨ་ཨཱ་ལ་སོགས་པའོ། །གཉིས་པ་གསལ་བྱེད་སུམ་ཅུ་ཡོད་ཅིང། དེ་དག་ནི། ཀ་ཁ་ལ་སོགས་པའོ། །ཞེས་གསུངས་པའི་ཕྱིར།
Keyword True

{{#arraymap:ཡི་གེ་

|; |@@@ | | }}

ཡི་གེ་ (2)
Part of speech མིང་ཚིག
Definition རེ་རེས་དོན་མི་སྟོན་ཀྱང་དོན་སྟོན་པའི་སྒྲའི་རྩོམ་བྱེད་དུ་གྱུར་པའི་གདངས་ཞིག་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོས་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། ཡི་གེའི་མཚན་ཉིད། རེ་རེས་དོན་མི་སྟོན་ཀྱང་དོན་སྟོན་པའི་སྒྲའི་རྩོམ་བྱེད་དུ་གྱུར་པའི་གདངས། ཨཱ་ལི་སོགས་དབྱངས་དང། ཀ་ཁ་སོགས་གསལ་བྱེད་ཀྱི་ཡི་གེ་སོགས་སུ་ཡོད་དོ། །ཞེས་གསུངས་པའི་ཕྱིར།
Keyword True

{{#arraymap:ཡི་གེ་

|; |@@@ | | }}

ཡི་གེ་ (3)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཡེ་གེའི་མཚན་ཉིད། རེ་རེ་བས་དོན་སྟོན་མི་ནུས་ཀྱང་ཕྱེད་དང་གཉིས་ཡན་ཆད་ཚོགས་ན་དོན་སྟོན་རུང་གི་སྐད་ཅིག་དུ་མ་ཅན་གྱི་སྒྲ། དབྱེ་ན། ཨ་ཨི་སོགས་དབྱངས་ཡིག་དང༌། ཀ་ཁ་སོགས་གསལ་བྱེད་གཉིས་སོ། །ཞེས་གསུངས།

{{#arraymap:ཡི་གེ་

|; |@@@ | | }}

ཡི་གེ་ (4)
Part of speech མིང་ཚིག
Definition ཡི་གེའི་མཚན་ཉིད་ནི། མཁས་འཇུག་ལས། དོན་སྟོན་པར་མི་ནུས་པའི་སྒྲ་སྤྱི་གསལ་བ་ཞེས་གསུངས་ལ། ཡང་ན་མིང་གི་རྩོམ་གཞིར་གྱུར་པའི་རྗོད་བྱེད་དོ། །དོན་སྟོན་པར་མི་ནུས་ཞེས་པ་ཡང་། བུམ་པ་ཞེས་པའི་མིང་གི་རྩོམ་གཞིར་གྱུར་པའི་ཡི་གེ་བ་དང་། ཨུ་དང་། མ་དང་། པ་རྣམས་རེ་རེ་ནས་བརྗོད་བྱའི་དོན་ལྟོ་ལྡིར་བ་སྟོན་མི་ནུས་པ་ལྟ་བུ་ལ་བྱ་བ་ཡིན་གྱི། སྤྱིར་ཡི་གེ་ཡིན་ན་བརྗོད་བྱའི་དོན་སྟོན་མི་ནུས་པས་ཁྱབ་པ་ནི་མ་ཡིན་ནོ། །གསལ་བྱེད་ཀྱི་ཡི་གེ་རེ་རེ་ནས་སྒྲར་ཁས་མི་ལེན་ཡང་། བརྗོད་བྱའི་དོན་སྟོན་པ་མང་པོ་མཐོང་སྟེ། ཁ་ང་ཇ་གསུམ་དང་། ཉ་པ་ཕ་མ་བཞི་དང་། ཤ་ས་ར་ན་ཝ་ཞྭས་བརྗོད་པའི་སྒྲ་རྣམས་ཀྱིས་བརྗོད་བྱའི་དོན་སྟོན་པ་མཐོང་བའི་ཕྱིར། ཡང་མཚན་ཉིད་ཀྱི་ཟུར་གྱི་སྒྲ་སྤྱི་ཞེས་པ་ཡང་སྤྱི་རྟག་པ་ལ་བྱ་བ་མིན་གྱི། ལྡན་པ་མིན་པའི་འདུ་བྱེད་དམ་སྒྲ་གང་རུང་ལ་བྱ་བ་ཡིན་ཏེ། དབྱངས་ཡིག་རྣམས་སྒྲར་ཁས་བླང་དགོས་པ་དང་། གསལ་བྱེད་རྣམས་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་ཁས་ལེན་དགོས་པས་སོ། །ཡི་གེ་ནི། སྒྲ་སྤྱི་ལ་འཇོག་པ་ཆོས་ཀྱི་གྲགས་པའི་དགོངས་པ་མིན་པའི་ཕྱིར་དང་། ཇི་སྐད་དུ། ཡི་གེ་དོན་མེད་ཅན་འགྱུར་ཞིང་། །ཞེས་པའི་ཡི་གེ་རེ་རེ་བས་བརྗོད་བྱའི་དོན་མི་སྟོན་པར་བཤད་པའི་ཕྱིར། འདི་ཡང་སྒྲ་དོན་གཉིས་སུ་ཕྱེ་བའི་དོན་མི་སྟོན་པ་ལ་དགོངས་པ་ཡིན་གྱི། བསྟན་བྱའི་དོན་ཅི་ཡང་མི་སྟོན་པ་ནི་མིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། ། ཡི་གེའི་མཚན་ཉིད། རང་གི་ངོ་བོའི་སྒོ་ནས་བརྗོད་དོན་མི་སྟོན་པར་བརྗོད་དོན་སྟོན་པའི་མིང་ཚིག་གཉིས་ཀྱི་གཞིར་གྱུར་བའི་སྒྲའི་སྐད་ཅིག་དུ་མ་ཚོགས་པའི་བཏགས་ཡོད། དབྱེ་བ་ལ། འཕགས་ཡུལ་བ་ལྟར་ན་དབྱངས་ཡིག་བཅུ་བཞི་དང་། གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་སོ་བདུན་ཡོད་དེ། ཤཱནྟི་པས། འདིར་ནི་དབྱངས་ཡིག་བཅུ་བཞི་སྟེ། །གསལ་བྱེད་རྣམས་ནི་སུམ་ཅུ་བདུན། །ཞེས་གསུངས་སོ། །བོད་ཡུལ་བ་ལྟར་ན། དབྱངས་ཡིག་བཞི་དང་། གསལ་བྱེད་ཀྱི་ཡི་གེ་སུམ་བཅུ་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །

{{#arraymap:ཡི་གེ་

|; |@@@ | | }}

ཡི་གེ་ (5)
Part of speech མིང་ཚིག
Definition སྐད་ཆ་སོགས་ཟིན་ཐོར་འགོད་བྱེད་ཀྱི་རྟགས།

{{#arraymap:ཡི་གེ་

|; |@@@ | | }}

ཡི་གེ་ (6)
Part of speech མིང་ཚིག
Definition འཕྲིན་ཡིག་གམ་ཡིག་བསྐུར་ཏེ།
Example ཨ་མ་ལ་ཡི་གེ་བསྐུར་ཞེས་པ་ལྟ་བུ

{{#arraymap:ཡི་གེ་

|; |@@@ | | }}