7112

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏེར་སྟོན་ལས་འཕྲོ་གླིང་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་ཤིང་བྱ་ཕྱི་ལོ་ ༡༥༨༥ ལོར་ཀོང་ཡུལ་ཝ་རུ་གནས་ཚལ་དུ་ཡབ་ཆོས་སྐྱོང་མགོན་པོ་དང་། ཡུམ་ནམ་ལངས་བུ་ཁྲིད་གཉིས་ཀྱི་སྲས་སུ་འཁྲུངས། གསུམ་པ་ནས་ཡི་གེ་བརྡ་སྟོན་ཙམ་གྱིས་མཁྱེན་པར་གྱུར། བཅུ་གཉིས་ནས་ཉི་ཤུ་བར་དུ་སློབ་གཉེར་མཛད། གསོ་རིག་ལ་སྦྱངས་པ་མཐིལ་ཕྱིན་པ་མཛད། ཆོས་རྗེ་མི་ཕམ་བཀྲ་ཤིས་བློ་གྲོས་ལས་རབ་ཏུ་བྱུང་། ངག་དབང་ཆོས་རྒྱལ་དབང་པོ་ཞེས་མཚན་གསོལ། ལྷ་རྩེ་བ་ལས་བསྙེན་རྫོགས་བསྒྲུབས། ལོ་བཅུ་བདུན་རིང་འདག་སྦྱར་མཛད་ཏེ། སྒྲུབ་པ་ཉམས་ལེན་ལ་བརྩོན། སོ་དྲུག་པ་རབ་བྱུང་བཅུ་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༦༢༠ ལོར་ལྕགས་ཁྲོའི་བྱ་ཆུ་བྱིའུ་ཕྲུག་ཙམ་གྱི་ནང་ནས་མཚོ་རྒྱལ་གྱི་ཕྱག་བྲིས་མ་གཏེར་ལས་བཞེས། གཞན་ཡང་ཟབ་གཏེར་མང་དུ་སྤྱན་དྲངས། དཀོན་མཆོག་སྤྱི་འདུས་སོགས་གསང་གཏེར་ལས་ཕལ་ཆེར་ཁྲོམ་གཏེར་མཛད། བང་རི་འཇོག་པོའི་སྒྲུབ་སྡེ་གསར་འདེབས་མཛད། དོན་གཉིས་པ་རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ་ཕྱི་ལོ་ ༡༦༥༦ ལོར་བང་རི་འཇོག་པོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རྒྱལ་ཚབ་གྲགས་པ་དོན་གྲུབ་དང་། འབྲི་གུང་ཆོས་ཀྱི་གྲགས་པ། འབྲུག་པ་དཔག་བསམ་དབང་པོ། རྡོར་བྲག་རིག་འཛིན་ངག་དབང་། རྩེ་ལོ་སྣ་ཚོགས་རང་གྲོལ། ལྷ་བཙུན་ནམ་མཁའ་འཇིགས་མེད། རིག་འཛིན་འཕྲིན་ལས་ལྷུན་གྲུབ། གཏེར་སྟོན་བདུད་འདུལ་རྡོ་རྗེ་བཅས་ཡིན།

{{#arraymap:གཏེར་སྟོན་ལས་འཕྲོ་གླིང་པ་

|; |@@@ | | }}