718

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་དཀྱིལ་དུ་མདོ་ཁམས་ཆབ་མདོའི་ཁུལ་དུ་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང་། ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བ་མཛད། སྡེ་དགེ་ཀཿཐོག་དགོན་དང་དཔལ་སྤུངས་དགོན་སོགས་སུ་བཞུགས། ཚ་བ་ལོ་ཙཱ་བ་སྐྱབས་མཆོག་རིན་ཆེན་ཕུན་ཚོགས་བཅས་ཡུན་རིང་དུ་བསྟེན། ཕྱི་ནང་གི་རིག་གནས་ལ་མཁས་པར་སྦྱངས། གསོ་བ་རིག་པར་ཤིན་ཏུ་མཁས་པས་མདོ་ཁམས་ཀུན་ཏུ་མཛད་འཕྲིན་རྒྱས། དབུས་སུ་ཕེབས་ཏེ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས། རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་བཀའ་ལུང་ལྟར་གསོ་རིག་གི་འཆད་ཉན་མཛད། སྨན་གཞུང་ཡང་མང་དུ་བརྩམས། རབ་བྱུང་བཅོ་ལྔ་པའི་ས་བྱི་ཕྱི་ལོ་ ༡༨༨༨ ལོར་སྨན་གཞུང་དཔར་ཤིང་མང་པོར་ཞུས་དག་དང་། དཔར་བྱང་སྨོན་ཚིག་མང་དུ་བརྩམས། སྐུ་ཚེའི་མཇུག་ཏུ་ལྷ་སའི་གྲིབ་ཚེ་ཆོག་གླིང་དུ་བཞུགས། སྒྲུབ་པ་ཉམས་ལེན་ལ་བརྩོན་མུར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཤུག་གསེབ་ལོ་ཆེན་རིན་པོ་ཆེ་དང་། བླ་མ་ངག་དབང་། བླ་མ་འཇིགས་མེད་འཕྲིན་ལས། འཚོ་བྱེད་རྡོ་རྗེ་རྒྱལ་མཚན། བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་བཅས་ཡིན། གསུང་རྩོམ་ནི་སྨན་སྒྲུབ་དྲང་སྲོང་དགོངས་རྒྱན་དང་། སྐུ་གསུམ་ཞིང་ཁམས་བགྲོད་པའི་ཐེམ་སྐས། བསྙེན་ཡིག་དངོས་གྲུབ་རོལ་མཚོ། ལས་བཞིའི་སྦྱིན་བསྲེག རྫོགས་རིམ་ཉེ་བརྒྱུད་གསོལ་འདེབས། དམ་ཆོས་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་ཆ་ལག་ཀུ་སུ་ལུའི་ཚོགས་གསོལ། མདངས་བསྐངས་འོད་ཀྱི་དྲྭ་བ། གསོལ་ཁ་མྱུར་མགྱོགས་སྲོག་གི་སྤུ་གྲི་བཅས་བཞུགས།

{{#arraymap:ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེ་

|; |@@@ | | }}