71991

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་དོན་གྲུབ་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༡༡༡ དགའ་ཁྲི་༩༩ པ་ཡེ་ཤེས་དོན་གྲུབ་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་༡༩༡༡ ལྕགས་ཕག་ལོར་མདོ་ཁམས་ཐར་ལམ་མཛད་འབུམ་གྲོང་ཁྱེར་དུ་ཐར་ལམ་རྒྱལ་པོའི་རིགས་བརྒྱུད་ཀྱི་ཡབ་བསོད་ནམས་དངོས་གྲུབ་དང་། ཡུམ་སྐལ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་གྲངས་ ༡༢ ཕེབས་པ་ན། ཁྲི་འཇམ་དབྱངས་དམ་ཆོས་ཀྱི་ཡང་སྤྲུལ་ཡེ་ཤེས་དམ་ཆོས་ཀྱི་དྲུང་ནས་རབ་ཏུ་བྱུང། ༡༩༢༥ དགུང་གྲངས་༡༥ ཤིང་གླང་ལོར་དབུས་ཕྱོགས་སུ་ཕེབས་ཏེ་འབྲས་བློ་གླིང་དུ་སྒྲིགས་ཞུགས་མཛད་དེ་གཞུང་ལུགས་རྒྱ་མཚོར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དཀྱུས་ཐོག་ཏུ་འགྲུབ་པར་མཛད། དགུང་ལོ་༢༥ ཕེབས་པར་ཡོངས་འཛིན་བྱམས་པ་རིན་པོ་ཆེའི་མཆོག་སྤྲུལ་རྗེ་བཙུན་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་མཆོག་གི་དྲུང་ལས་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་བཞེས། ༡༩༥༥ ལོར་དགེ་བཤེས་ལྷ་རམས་ཀྱི་གྲྭ་སྐོར་དམ་འཇོག་དང་། ལྷ་རམས་ཨང་དང་པོའི་མཚན་གནས་ཀྱང་བཞེས། ལོ་དེར་རྒྱུད་པར་སྒྲིག་ཞུགས་མཛད། ༡༩༦༣ ལོར་བླ་དབུ་དང་རིམ་བཞིན་མཁན་ཁྲིར་ཕེབས་ཏེ་གཙོ་བོ་འགྲེལ་པ་བཞི་སྦྲགས་གཙོས་པའི་ཆོས་འཆད་ཉན་ཁག་ཀྱང་ཆད་ལུས་མེད་པར་བསྐྱངས། དགུང་གྲངས་བདུན་ཅུ་ཕེབས་པར། ༡༩༨༣ ལོར་ཤཪ་པ་ཆོས་རྗེ་བསྐོ་བཞག་བཀའ་དྲིན་ཆེ་བ་བཞིན། ༸གོང་ས་ཆེན་པོར་ཤར་ཆོས་ཀྱི་གསར་མཇལ་ཞུས། དགུང་གྲངས་༨༠ ཕེབས་པར།༡༩༩༠ ལོར་ཟླ་ ༡༠ པའི་ཚེས་༦ གཟའ་སྐར་དགེ་བའི་ཉིན་སྔར་སྲོལ་བཞིན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོམས་ཆེན་དུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་མངའ་གསོལ། འཇམ་མགོན་རྒྱལ་བ་གཉིས་པའི་པའི་ལུགས་བཟང་ལ་མཛད་རྗེས་བླ་མེད་དུ་བསྐྲུན་མཐར་དགུང་གྲངས་གྱ་ལྔར་ཕེབས་པ་༡༩༩༥ ཤིང་མོ་ཕག་གི་ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་ཚུལ་བསྟན། སྐུ་གདུང་ཞུ་ལ་ཕུལ་བའི་གདུང་རུས་རིང་སྲེལ་གྱི་བྱུར་བུར་བཀང་བའི་གསེར་གདུང་རིན་པོ་ཆེ་རིན་ཆེན་སྣ་ཚོགས་ཀྱིས་ཕྲ་བཏབ་པ་ངོ་མཚར་ཅན་གཉིས་པ་ཡོད་པ་ནས་གཅིག་འབྲས་སྤུངས་ཆོས་སྒར་འདུ་ཁང་དང་། གཅིག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་རྭ་ཆེ་གཉིས་པའི་གཙུག་ལག་ཁང་དུ་བཞུགས།

{{#arraymap:ཡེ་ཤེས་དོན་གྲུབ་

|; |@@@ | | }}