72039

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་འོད་ (1)
Part of speech མིང་ཚིག
Definition ཕྱི་ལོ་ ༩༦༥ ལོར་ཞང་ཞུང་དུ་ཡབ་མངའ་བདག་བཀྲ་ཤིས་ལྡེ་མགོན་གྱི་སྲས་སུ་འཁྲུངས། མངའ་རིས་གུ་གེར་ཆབ་སྲིད་བསྐྱངས། སྲས་ནཱ་ག་རཱ་ཛ་དང་། དྷེ་ཝ་རཱ་ད་གཉིས་འཁྲུངས། ཕྱི་ལོ་ ༩༩༦ ལོར་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས། ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་བྱིས་པ་བློ་གྲོས་ཅན་ཉེར་གཅིག་ཙམ་རྒྱ་གར་དུ་མངགས། མདོ་སྔགས་ཀྱི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བཅུག ལྔ་བཅུ་པ་ཕྱི་ལོ་ ༡༠༡༦ ལོར་སྲིད་དབང་གཅུང་པོ་འཁོར་རེ་ལ་གཏད། མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང། མཚན་ལ་ལྷ་བླ་མ་ཡེ་ཤེས་ཞེས་བཏགས། མངའ་རིས་ནས་བསྟན་པ་ཕྱི་དར་དར་ཞིང་རྒྱས་པའི་ལོ་དུས་ཀྱི་ཐོག་མ་འདི་ནས་འཇོག རྒྱ་བརྩོན་འགྲུས་སེང་གེ་སོགས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་བར་མངགས་ཀྱང་ཐུགས་འདུན་ལྟར་མ་གྲུབ། ཕྱི་ལོ་ ༡༠༣༦ ལོ་ཡས་མས་སུ་གར་ལོག་གི་བཙོན་དུ་སྐུ་གཤེགས། མཚན་གཞན། དྲང་སྲོང་ལྡེ་ཞུ། སྲོང་ངེ་།

{{#arraymap:ཡེ་ཤེས་འོད་

|; |@@@ | | }}