72154

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོ་ག་རྒྱ་གར་དུ་དར་བ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། དཔལ་སྡོམ་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་ཞེས་སོགས་གསུངས་པ་ལྟར། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱད་དང་བཅུ་གཉིས་ཏེ། ཉེར་བརྒྱད་ན་རྒྱ་གར་ཤར་ལྷོའི་ཕྱོགས་གྲོང་ཁྱེར་ས་ཏི་ཀཱིརྟི་ཞེས་བྱ་བར་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་རྒྱལ་རབ་གསལ་ཟླ་བ་ལ། ཕྱག་ན་རྡོ་རྗེས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྤྲུལ་ཞིང་དབང་བསྐུར་ཏེ་ལྷ་གནས་དང་པོ་འོག་མིན། གཉིས་པ་རི་རབ་ཀྱི་རྩེ། གསུམ་པ་བཀའ་བསྡུ་བའི་གནས་ལྕང་ལོ་ཅན་ཏེ་ལྷ་གནས་གསུམ་དུ་གྲགས་པར་དེ་ཉིད་འདུས་པའི་རྒྱུད་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་མཐའ་དག་གནང་ནས། དེ་ནས་མི་ཡུལ་ལ་དར། རྒྱལ་པོ་རབ་གསལ་ཟླ་བ་དེ་ཉིད་ལ་སློབ་མ་བཞི་བྱུང་སྟེ། ཁོ་རང་གི་སྲས་སྒྲ་གཅན་འཛིན། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིངྡྷི། རབ་འབྱོར་བསྐྱངས་དང་བཞི་ཡིན་ཟེར། དེ་བཞི་ཆར་གྱི་སློབ་མ་ཀུན་དགའ་སྙིང་པོ་ཡིན། ཁོང་ནི་རྒྱ་གར་ན་ཡོ་ག་ལ་མཁས་པའི་མི་གསུམ་གྱི་ནང་ཚན་ཚིག་དོན་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་ཞེས་པ་དེ་ཡིན་ནོ། །ཁོང་ཟ་ཧོར་གྱི་ཡུལ་དུ་བཞུགས་པ་དེ། ཁ་ཆེའི་པྲ་ཛྙཱ་པཱ་ལི་ཏས་རྩད་ཆོད་ནས། ཡུལ་དབུས་ཀྱི་རྒྱལ་པོ་དང་པཎྜི་ཏ་རྣམས་ཀྱིས་སྤྱན་དྲངས། ཨོ་ཌི་ཡ་ན་གཙུག་གི་ནོར་བུའི་གཙུག་ལག་ཁང་དུ་དེ་ཉིད་འདུས་པའི་འགྲེལ་པ་དེ་ཉིད་སྣང་བ་ཞེས་བྱ་བ་ཤླཽ་ཀ་སྟོང་ཕྲག་བཅོ་བརྒྱད་པ་པུ་ཏི་བཞི་ཙམ་ཡོད་པ་མཛད། གཞན་ཡང་རྡོ་རྗེ་འབྱུང་བ། སེམས་དཔའ་འབྱུང་བ། གཙུག་དགུ། ཤེར་ཕྱིན། རྣམ་སྣང་། སྒྱུ་དྲའི་དཀྱིལ་ཆོག་སོགས་དུ་མ་དང་། སྦྱོང་རྒྱུད་ཀྱི་འགྲེལ་པ་སོགས་རྣལ་འབྱོར་རྒྱུད་ལ་འགྲེལ་བ་བརྒྱ་རྩ་མཛད་དོ་ཟེར་། སློབ་དཔོན་དེ་ལ་ནུབ་ཕྱོགས་ཨོ་རྒྱན་ནས་རྒྱུད་པ། ཡུལ་དབུས་འགྱུར་ནས་བརྒྱུད་པ། ཤར་ཕྱོགས་ཟ་ཧོར་གྱི་ཡུལ་ནས་བརྒྱུད་པ་དང་གསུམ་ཡོད་པ་ལས་ཕྱི་མའི་ལུགས་གཙོ་བོར་མཛད་དོ། །ཡང་ཀུན་སྙིང་གི་མཆེད་གྲོགས་སློབ་དཔོན་འཇམ་དཔལ་གྲགས་པས་དཔལ་སྦས་བཟང་པོ་ལ་བཤད། དེས་བྲམ་ཟེ་ཡེ་ཤེས་རྡོ་རྗེ་ལ། དེས་ན་ལེནྡྲའི་ནུབ་སྒོ་བ་ཤེས་རབ་འབྱུང་གནས་ལ། དེས་བྲམ་ཟེ་བཞད་པའི་རྡོ་རྗེ་དང་། པདྨཱ་ཀ་ར་དང་། ཤྲངྡྷཱ་ཀ་ར་གསུམ་ལ་བཤད། ཕྱི་མ་གཉིས་ཀྱི་ལོ་ཆེན་ལ་བཤད་དོ། །གཞན་ཡང་སློབ་དཔོན་ཀུན་དགའ་སྙིང་པོའི་རྗེས་སུ་འབྲངས་ནས། སངས་རྒྱས་ཞི་བ། ཤཱངྡྷ་ཀ་ར་ཝརྨ། པཎྜི་ཏ་དྷརྨ་པཱ་ལའི་བར་དུ་མཁས་གྲུབ་རྣམས་ལས་རིམ་པར་བརྒྱུད་དེ་འཕགས་ཡུལ་ཤར་དུ་ཡོ་གའི་བཤད་སྒྲུབ་ཀྱི་བསྟན་པ་འཕེལ་རྒྱས་སུ་གྱུར་པ་འདི་ཉིད་ཡིན་ནོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཡོ་ག་རྒྱ་གར་དུ་དར་བ་

|; |@@@ | | }}