72286

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་འཛིན་བདུན་པ་ངག་གི་དབང་པོ་ (1)
Part of speech མིང་ཚིག
Definition ཡོངས་འཛིན་བདུན་པ་ངག་གི་དབང་པོའམ་འཇིགས་བྲལ་བདེ་ཆེན་གླིང་པ་མཆོག་ནི། བོད་ལྷོ་ཁ་གོང་དཀར་རྫོང་ཁོངས། སོ་ཟུར་གནུབས་གསུམ་གྱི་ནང་ཚན་སོའི་གདུང་རྒྱུད་དུ། རབ་བྱུང་བཅོ་ལྔ་པའི་ཤིང་ལུག ༡༨༩༥ ལ་འཁྲུངས། རྟགས་མཚན་བཟང་བར་བརྟེན་ཡོངས་འཛིན་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། གདན་ས་བདེ་ཆེན་ཆོས་འཁོར་དུ་གསེར་ཁྲིར་མངའ་གསོལ། འབྲུག་པ་བཅུ་པས་ཙུག་ཕུད་བཞེས་ནས། མཚན་འཇམ་དཔལ་དོན་རྒྱུད་བསྟན་འཛིན་གསོལ། འབྲུག་པའི་འདོན་ཆོག། །གཞུང་རིག་གནས་ལ་གསན་སྦྱང་གནང་བས། རིག་གནས་སྤྱི་དང་ཁྱད་པར་སྙན་ངག་ལ་ཤིན་ཏུ་མཁས། རྒྱལ་དབང་བཅུ་པའི་མདུན་ནས། རང་ལུགས་གདམས་ངག་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་བུམ་པ་གང་འབྱོའི་ཚུལ་དུ་གསན། ཤཱཀྱ་ཤྲཱི། ཀརྨ་པ་བཅོ་ལྔ་པ། ཞྭ་དེའུ་འཁྲུལ་ཞིག་མདོ་སྔགས་གླིང་པ། སྨིན་གླིང་གདུང་འཛིན་དགའ་བཞི་སོགས་ལས་ཕྱག་རྫོགས་སོགས་དབང་ཁྲིད་མང་དུ་གསན། ཉེར་ལྔའི་བར་བདེ་ཆོས་སུ་བཞུགས། ཇོ་མོ་ཁ་རག་གངས་རིའི་མགུལ་དུ་ཀུན་བཟང་རྣམ་གྲོལ་གླིང་ཕྱག་བཏབ་ཅིང༌རྒྱུན་བཞུགས་གནང༌། དགོངས་གཏེར་དག་སྣང་གཏན་ལ་ཕབ། ཇག་པ་མེ་ལེན་དང་ཁ་རག་ཁྱུང་བཙུན་གྱིས་ཕྲིན་ལས་བསྒྲུབས་ཤིང༌། ༸གོང་ས་བཅུ་གསུམ་པའི་བཀའ་ལྟར་དམག་ཟློག་དང་ཚེ་སྒྲུབ་ཀྱི་ཕྱིར་གཞུང་ནས་འདུས་པ་རྣམས་ལ་གསོལ་ཕོགས་ཀྱང་གནང་སྐད། བསམ་ཡས་སུ་སྤྲེལ་ལོར་ཚོགས་འབུམ་རེ་དང་རྒྱུན་དུའང་། ཚོགས་མཆོད་ཆད་མེད་གནང༌། གུ་རུ་སོགས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་ཐོབ་པས། དགོངས་གཏེར་དང་མགུར་མ། བསང་གསོལ་སོགས་གང་གསུང་ཐོགས་པ་མེད་ཅིང༌། ལུང་བསྟན་རྣམས་མངོན་སུམ་མཐོང་ཆོས་སུ་གྱུར། སྟག་ཚང་ལྔ་པའི་ཡང་སྲིད་འབྲི་གུང་ཕྱོགས་སུ་འཁྲུངས་པའི་ལུང་བསྟན་གསལ་པོ་གནང་ཞིང༌། ཕྱིས་དབང་ལུང་ཁྲིད་གསུམ་གྱིས་རྗེས་སུ་བཟུང༌། ཆུ་ངོགས་སྐུ་ཕྲེང་བདུན་པ་སོགས་བླ་སྤྲུལ་མང་པོའི་ཡང་སྲིད་ངོས་འཛིན་མཛད། དེ་ལྟར་བསྟན་འགྲོའི་དོན་མཐར་ཕྱིན་ཅིང༌། བོད་ཡོངས་སུ་དུས་འགྱུར་བྱུང་རྗེས། རེ་བརྒྱད་པ་ཆུ་སྟག ༡༩༦༢ ལོར་རྒྱ་དམར་གྱི་སྲིད་ཇུས་གཡོན་ཐལ་གྱིས་ཉེས་པ་མེད་བཞིན་ངོ་རྒོལ་དྲག་པོ་བྱེད་བཅུག་ལ་ཉེ་བའི་སྐབས་ཞིག ། རང་གི་གདུང་སྲས་གར་ཞ་བླ་མ་ནོར་བུའི་ཡང་སྲིད་ལ། པ་ལགས་ཟངས་མདོག་དཔལ་རིར་འགྲོ་རན་འདུག་ཅེས། མཁའ་འགྲོའི་གར་འཆམ་ཞིག་ཀྱང་མཛད་ནས་གཟིམས་ཆུང་དུ་ཕེབས་འཕྲལ་ཧིག་སྒྲ་ལན་གསུམ་མཛད་དེ་དགོངས་པ་ཆོས་དབྱིངས་སུ་བསྡུསསོ། །སྐུ་གདུང་ལ་རིང་བསྲེལ་མང་པོ་འཕེལ། དགོངས་གཏེར་བསམ་པ་ལྷུན་གྲུབ་སོགས་དག་སྣང་སྐོར་དང༌། ཀུན་བཟང་བླ་མའི་ཞལ་ལུང་གི་ཟིན་བྲིས། ཞལ་གདམས་མགུར་མ། བསངས་གསོལ་སོགས་པོད་གཉིས་ཙམ་བཞུགས་སོ། །སློབ་མ་ཡང་སྟག་ཚང་སྐུ་ཕྲེང་དྲུག་པ། ཆེ་ཚང་ངག་དབང་ཕྲིན་ལས། ཁ་རག་སྒྲུབ་སྡེ་སྤྲུལ་སྐུ། སོག་རྩེ་སྤྲུལ་སྐུ། པད་སྙིང་སྤྲུལ་སྐུ། མཐའ་འགྲུབ་སྤྲུལ་སྐུ། རི་མགོ་སྤྲུལ་སྐུ། ཉང་སྟོད་སྐྱིད་སྦུག་སྤྲུལ་སྐུ། འབྲུག་ཤར་ཕྱོགས་ནས་ཨ་བརྒྱ་གཞན་ཕན་འགྲོ་འདུལ་རྡོ་རྗེ་བསྟན་འཛིན། དགེ་བཤེས་སྐལ་བཟང༌། གར་ཞའི་ཕྱོགས་ནས་སྲིད་ཞི་ཡོངས་གྲོལ་སོགས་སྟོད་ལ་དྭགས། བར་དབུས་གཙང༌། སྨད་མདོ་ཁམས། འབྲུག་འབྲས་ལྗོངས་གར་ཞ་ཁུ་ནུ་སོགས་ནས་ཤིན་ཏུ་མང་ངོ་། །

{{#arraymap:ཡོངས་འཛིན་བདུན་པ་ངག་གི་དབང་པོ་

|; |@@@ | | }}