72289

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ཤིང་གླང་ཕྱི་ལོ་ ༡༧༤༥ ལོར་ཉང་སྟོད་གྲམ་བུ་ཞེས་པར་ཡབ་དཔལ་ལྡན་སྲི་ཆོས་དང་། ཡུམ་མཆོག་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་པར་འབྲོང་རྩེ་ཆོས་སྡེར་ཞུགས། མཁན་པོ་མང་ཐོས་ཚུལ་ལྡན་གྱིས་དབུ་སྐྲའི་གཙུག་ཕུད་བཞེས། མཚན་ལ་བློ་བཟང་ཚུལ་ཁྲིམས་ཞེས་གསོལ། བཀྲ་ཤིས་ལྷུན་པོ་ཐོས་བསམ་གླིང་དུ་ཆོས་ཞུགས། མཁན་ཆེན་བློ་བཟང་བཀྲ་ཤིས་ལས་དགེ་ཚུལ་གྱི་སྡོམ་པ་མནོས། བཅོ་ལྔ་པར་གཞུང་ཆེན་ཐོས་བསམ་མཛད། སུམ་ཅུ་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས། རབ་འབྱམས་པའི་མཚན་བཏགས་ཀྱང་བཞེས། ལོ་ཆེན་བློ་བཟང་བསྟན་པའི་རྒྱལ་མཚན་དང་། འཇམ་བཞད་འཇིགས་མེད་དབང་པོ་སོགས་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ལོ་གསུམ་རིང་བཀྲ་ཤིས་ལྷུན་པོའི་རྒྱུད་གྲྭར་ཞུགས། གསང་ཆེན་ཆོས་ཀྱི་ཆོ་ག་ཕྱག་ལེན་དང་བཅས་པར་མཁས་པར་མཛད། ལྷོ་ཕྱོགས་འབྲུག་ཡུལ་གྱི་རི་བོའི་གནས་སུ་ཕེབས། ལོ་ཤས་རིང་དུ་སྒོམ་སྒྲུབ་ཉམས་ལེན་གནང། སླར་ཡང་བཀྲ་ཤིས་ལྷུན་པོའི་རྒྱུད་པ་གྲྭ་ཚང་དུ་སློབ་དཔོན་གནང་བར་ཕེབས། ང་གཅིག་པར་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་ཡོངས་འཛིན་མཛད། ལོ་གཉིས་འགོར་རྗེས་ཡོངས་འཛིན་ལས་དགོངས་པ་ཞུས། བདེ་ཆེན་ཆོས་འཁོར་རི་ཁྲོད་དུ་ཉམས་ལེན་ལ་གཞོལ། ང་དྲུག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༨༠༠ ལོར་སྐུ་གཤེགས། གསུང་རྩོམ་ནི་ཞལ་གདམས་གསུང་མགུར་དང་། ཤེར་སྙིང་སྦས་དོན་མངོན་རྟོགས་གསལ་བའི་ཉི་མ། བཀྲ་ཤིས་ལྷུན་པོའི་གནས་བསྟོད་མཐོང་བ་དོན་ལྡན། གནས་མཆོག་མགར་མོ་ཆོས་རྫོང་གི་བསྟོད་པ་དད་ཅན་འགུགས་པའི་ལྕགས་ཀྱུ། དབེན་ས་ཆོས་ཀྱི་ཕོ་བྲང་གི་གནས་བསྟོད་ཤེལ་དཀར་ཕྲེང་བ་ཀུན་གྱི་ཡིད་འཕྲོག རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་གྲུབ་མཐའ་བཞི་སོ་སོའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསལ་བ་ཉི་མའི་སྙིང་པོ། འདུལ་བའི་ལས་ཆོག་ལག་ལེན་སྙིང་པོར་བསྒྲིལ་བ་བཅས་པོད་གཅིག་བཞུགས།

{{#arraymap:ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་

|; |@@@ | | }}