72525

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོན་ཏན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཅུ་པའི་ས་མོ་གླང་ལོ་སྟེ་ཕྱི་ལོ་ ༡༥༨༩ ལོར་སོག་པོའི་ཡུལ་དུ་ཡབ་ཆིན་གུར་རྒྱལ་པོ་ཚུལ་ཁྲིམས་ཆོས་རྗེ་དང་། ཡུམ་བཙུན་མོ་ཆུང་བ་ཕཱ་ཁིན་ནུ་ལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞི་པར་ཕྱག་མཛོད་དཔལ་འབྱོར་རྒྱ་མཚོ་དང་ཡོངས་འཛིན་ཀུན་བཟང་རྩིས་པ་གཉིས་ཀྱི་རྒྱལ་བ་བསོད་ནམས་རྒྱ་མཚོའི་ཡང་སྲིད་ཡིན་པར་གདན་ས་གསུམ་ལ་སྙན་མཛད། དགུང་ལོ་བཅུ་བཞི་པར་སེ་འབྲས་དགེ་གསུམ་གྱིས་སོག་པོའི་ཡུལ་དུ་སྐུ་ཚབ་ཚོགས་པ་ཆེད་མངགས་མཛད་ནས་རྒྱལ་བ་ཡོན་ཏན་རྒྱ་མཚོ་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་ལྷ་སར་གདན་འདྲེན་ཞུས། དགུང་ལོ་བཅོ་ལྔ་བར་རྭ་སྒྲེང་དགོན་དུ་ཁྲི་ཁར་བཀོད། དེ་ནས་འབྲས་སྤུངས་དགོན་དུ་གདན་དྲངས་ཏེ་གཞུང་ལུགས་སྣ་ཚོགས་ལ་གསན་སྦྱོང་ལེགས་པར་མཛད། དགའ་ལྡན་ཁྲི་ཐོག་ཉེར་བརྒྱད་དགེ་འདུན་རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས། དགུང་ལོ་བཅུ་དགུ་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་སྐུ་མདུན་ནས་དབང་ལུང་མན་ངག་མང་དུ་གསན། དགུང་ལོ་ཉེར་དྲུག་པར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་འབྲས་སྤུངས་དགོན་དུ་གདན་འདྲེན་ཞུས་ཏེ་ཁོང་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་འབྲས་སྤུངས་དགོན་པའི་དགེ་འདུན་མང་ཚོགས་ཀྱི་རེ་མདུན་ལྟར་རྒྱལ་བ་ཡོན་ཏན་རྒྱ་མཚོ་འབྲས་སྤུངས་དགོན་པའི་གདན་རབས་བཅུ་གསུམ་པའི་ཁྲི་པ་དང་། དུས་མཚུངས་སུ་སེ་ར་དགོན་པའི་མང་ཚོགས་ཀྱི་རེ་འདུན་ལྟར་སེ་ར་དགོན་པའི་གདན་རབས་བཅོ་ལྔ་པའི་ཁྲི་པ་མཛད་དོ། །རབ་བྱུང་བཅུ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ༡༦༡༦ ལོར་འབྲས་སྤུངས་དགོན་དུ་སྐུ་གཤེགས།

{{#arraymap:ཡོན་ཏན་རྒྱ་མཚོ་

|; |@@@ | | }}

ཡོན་ཏན་རྒྱ་མཚོ་ (2)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་མཚན་ཏེ། སྲིད་པ་དང་ཞི་བའི་ཡོན་ཏན་གྱི་གཏེར་དུ་གྱུར་བས་སོ། །
Type མངོན་བརྗོད།

{{#arraymap:ཡོན་ཏན་རྒྱ་མཚོ་

|; |@@@ | | }}