72810

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རག་ར་སྐུ་ཕྲེང་དྲུག་པ་ཐུབ་བསྟན་ཆོས་དར་ (1)
Part of speech མིང་ཚིག
Definition ཁོང་གི་མཚན་གཞན་ལ་བསྟན་འཛིན་རྒྱལ་མཚན་ཡང་ཟེར། ཁོང་ནི་རབ་བྱུང་བཅོ་ལྔ་བའི་ཤིང་བྱི་ཕྱི་ལོ་༡༩༢༤ལོར། བོད་ཀྱི་སྡེ་དཔོན་གྲགས་ཅན་གཟིམ་ཤག་བཀྲས་མཐོང་འགྱུར་མེད་རྒྱ་མཚོའི་སྲས་སུ་འཁྲུངས། འབྲས་སྤུངས་སྒོ་མང་ཆོས་སྒོར་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཐར་ཕྱིན་མཛད་པའི་འབྲས་རྟགས་སུ་དགུང་ལོ་ཉི་ཤུའི་ཐོག་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་མཛད། སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་རྒྱུད་པའི་ཕྱག་ལེན་ཅི་ཡོད་ལ་ཞིབ་ཏུ་སྦྱངས་ཤིང་རྒྱུད་པའི་དགེ་བསྐོས་ཀྱང་མཛད། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞབས་ལ་གཏུགས་ནས་རིག་པའི་གནས་ལ་སྦྱངས་པ་རྒྱ་ཆེར་མཛད་དེ་མདོ་སྔགས་རིག་གནས་དང་བཅས་པ་མཁས་བྱའི་གནས་ཀུན་ལ་མི་འཇིགས་པའི་སྤོབས་པ་བརྙེས། ཕྱི་ལོ་༡༩༤༩ཙམ་ལ་རྒྱ་གར་དུ་ཕེབས་ནས་ལེགས་སྦྱར་སོགས་ལ་སྦྱངས་པ་མཛད། བོད་གཞུང་གི་བཀའ་འབྲེལ་ལྟར་སིད་སི་ལ་ཕེབས་ནས་བོད་ཕྲུག་ཁྱིམ་སྡེ་ཐོག་མར་སྒོ་དབྱེ་གནང་བ་ནས་བཟུང་རྒན་ཡོལ་ལ་མ་ཕེབས་བར་དུ་མཐའ་འཁྱོལ་བར་མཛད། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་སྲིད་ལ་མཛད་རྗེས་བླ་མེད་འཇོག་གནང་མཛད། གསུང་རྩོམ་ལ། གསེར་ཀོང་རྡོ་རྗེ་འཆང་དང་མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཀྱི་རྣམ་ཐར་དང། གནས་བརྒྱད་ཀྱི་འགྲེལ་བ། སྤྲིན་གྱི་ཕོ་ཉའི་འགྲེལ་བ་སོགས་ལོ་རྒྱུས་སྙན་སུམ་སོགས་པར་དུ་འཁོད་པ་དང་མ་འཁོད་པ་ཇི་སྙེད་ཅིག་བཞུགས།

{{#arraymap:རག་ར་སྐུ་ཕྲེང་དྲུག་པ་ཐུབ་བསྟན་ཆོས་དར་

|; |@@@ | | }}