7383

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདམས་ངག་ཤོར་ར་རེ་བཅུ་དགུ་ (1)
Part of speech མིང་ཚིག
Definition གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། ༡ སློབ་དཔོན་པད་མའི་ཞལ་ནས༔ སངས་རྒྱས་དང་སེམས་ཅན་གྱི་རྩ་བ༔ འཁོར་འདས་གཉིས་ཀྱི་དངོས་གཞི་རྩ་དག་གཅོད་པའི་གདམས་ངག་ཅིག་ཡོད་གསུངས༔ ༢ སློབ་དཔོན་པད་མའི་ཞལ་ནས༔ སྒྲོ་འདོགས་འཕྲལ་ལ་བཅད་པས་ཆོག་པའི་གདམས་ངག་ཡོད་གསུངས༔ ༣ སློབ་དཔོན་པད་མའི་ཞལ་ནས༔ ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་སྐད་ཅིག་ལ་རྫོགས་པའི་གདམས་ངག་ཡོད་གསུངས༔ ༤ སློབ་དཔོན་པད་མའི་ཞལ་ནས༔ ལམ་ལྔ་སྐད་ཅིག་ལ་བགྲོད་པའི་གདམས་ངག་ཡོད་གསུངས༔ ༥ སློབ་དཔོན་པད་མའི་ཞལ་ནས༔ སྐུ་གསུམ་རང་ལ་རྫོགས་པའི་གདམས་ངག་ང་ལ་ཡོད་གསུངས༔ ༦ སློབ་དཔོན་པད་མའི་ཞལ་ནས༔ གཞི་ལམ་འབྲས་བུ་གསུམ་ཆིག་ཆོད་ཀྱི་གདམས་ངག་ཅིག་ཡོད་གསུངས༔ ༧ སློབ་དཔོན་པད་མའི་ཞལ་ནས༔ ཐེག་པ་རིམ་པ་དགུ་མ་སྤངས་པའི་གདམས་ངག་ཅིག་ཡོད་གསུངས༔ ༨ སློབ་དཔོན་པད་མའི་ཞལ་ནས༔ ལྟ་བ་ཡན་ཐུབ་པ༔ སྒོམ་པ་ཡེངས་ཐུབ་པ༔ སྤྱོད་པ་རྣལ་ཐུབ་པ་གསུམ་གྱི་གདམས་ངག་ཡོད་གསུངས༔ ༩ སློབ་དཔོན་པད་མའི་ཞལ་ནས༔ ཕུང་པོ་ལྷག་མེད་དུ་སངས་རྒྱས་པའི་མན་ངག་ཡོད་གསུངས༔ ༡༠ སློབ་དཔོན་པད་མའི་ཞལ་ནས༔ ཕུང་པོ་ལྷག་བཅས་ཀྱི་སངས་རྒྱས་སླ་གསུངས༔ ༡༡ སློབ་དཔོན་པད་མའི་ཞལ་ནས༔ བར་དོ་མེད་པར་སངས་རྒྱ་བའི་གདམས་ངག་ཡོད་གསུངས༔ ༡༢ སློབ་དཔོན་པད་མའི་ཞལ་ནས༔ ཆོས་བྱེད་པ་རྣམས་ལ་འབྲེལ་བ་དགུ་དང་ལྡན་དགོས་གསུངས༔ ༡༣ སློབ་དཔོན་པད་མའི་ཞལ་ནས༔ ཐུན་མོང་མ་ཡིན་པའི་ཆོས་དྲུག་ཡོད་གསུངས༔ ༡༤ སློབ་དཔོན་པད་མའི་ཞལ་ནས༔ སངས་རྒྱས་ངོ་སྤྲོད་པས་ཆོག་གསུངས༔ ༡༥ སློབ་དཔོན་པད་མའི་ཞལ་ནས། སངས་རྒྱས་ངོས་འཛིན་པའི་གདམས་ངག་ཅིག་ཡོད་གསུངས༔ ༡༦ སློབ་དཔོན་པད་མའི་ཞལ་ནས༔ མ་བསྒོམས་པར་སངས་རྒྱ་བའི་ཐབས་ཡོད་པར་གསུངས༔ ༡༧ སློབ་དཔོན་པད་མའི་ཞལ་ནས༔ སྡིག་པོ་ཆེ་སྔོན་ལ་སངས་རྒྱ་བའི་གདམས་ངག་ཡོད་གསུངས༔ ༡༨ སློབ་དཔོན་པད་མའི་ཞལ་ནས༔ ཐ་མལ་གྱི་ཤེས་པ་འདི་འཕྲལ་ལ་སྒྱུར་དུ་བཏུབ་པའི་གདམས་ངག་ཡོད་གསུངས༔ ༡༩ སློབ་དཔོན་པད་མའི་ཞལ་ནས༔ སངས་རྒྱས་དགོངས་པ་དང་སེམས་ཅན་གྱི་སེམས་བསྲེ་བ་ལ༔ བདེ་བ་བཅོ་ལྔ་དང་ལྡན་དགོས་གསུངས༔
Domain ཆོས་ལུགས།

{{#arraymap:གདམས་ངག་ཤོར་ར་རེ་བཅུ་དགུ་

|; |@@@ | | }}