74025

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་ཕ་སྤྲུལ་སྐུ་བརྩོན་འགྲུས་འབྱུང་གནས་ (1)
Part of speech མིང་ཚིག
Definition འཁྲུངས་ཡུལ་ལྕི་ཡི་དབེ་ཁུ། རུས་ཁྱུང་པོ། ཡབ་སྲུང་བ་དཔལ། ཡུམ་བཀྲ་ཤིས་བྱམས། བྱ་ལོ་ལ་འཁྲུངས། ཀརྨ་པ་རོལ་པའི་རྡོ་རྗེའི་དྲུང་ནས་རབ་ཏུ་བྱུང༌། ཚང་གསར་བཀྲ་ཤིས་རྒྱལ་མཚན་དང༌། རིན་པོ་ཆེ་གཞོན་ནུ་འབྱུང་གནས་ལས་གདམས་པ་ཐམས་ཅད་གསན། ལོ་ཉི་ཤུ་རྩ་ལྔར་གཅིག་རི་མཛད། མངོན་པར་ཤེས་པ་ལ་ཐོགས་པ་མེད། ཀིལ་སྣའི་གདན་སར་བཞུགས། རྡོ་རྗེའི་མགུར་སོགས་བསྟན་ཆོས་མང་དུ་མཛད། རེ་དྲུག་ལ་གཤེགས། རབ་བྱུང་དྲུག་པའི་ནང་ཙམ་ལ་བྱོན། རིང་བསྲེལ་མང་དུ་བྱུང༌། སློབ་མ་ནི་གཞོན་ནུ་སེང་གེ ཚང་གསར་བསོད་ནམས་བློ་གྲོས། རིགས་དབོན་སངས་རྒྱས་གྲགས། ཁྲི་དོག་བསོད་ནམས་ཡེ་ཤེས། སྐྱོ་བྲག་རིན་ཆེན་བཟང་པོ་སོགས་བྱུང༌། རི་དགོན་བཅོ་བརྒྱད་དུ་གྲགས་པའི་ནང་གི་རི་ཕ་བཀའ་བརྒྱུད་ཀྱི་བླ་མ་དང་པོ་དེ་ཡིན།

{{#arraymap:རི་ཕ་སྤྲུལ་སྐུ་བརྩོན་འགྲུས་འབྱུང་གནས་

|; |@@@ | | }}