74369

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་འཛིན་ཀུ་མཱ་ར་རཱ་ཛ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་མེ་སྟག་ཕྱི་ལོ་ ༡༢༦༦ ལོར་བར་གསར་རྫིིང་ཁར་ཡབ་ཇོ་སྲས་བསོད་ནམས་དཔལ་དང་། ཡུམ་ཁྱེ་བཟའ་འབུམ་མེ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་ཐར་པ་རྒྱན་དུ་ཞུ། དགུང་ལོ་བདུན་པར་ཀོང་པོ་འོ་ཤོད་མཐོ་སྟེངས་དགོན་པར་བླ་མ་དགྱེས་རྡོར་བ་ལས་ཀྱེ་རྡོར་དང་བདེ་མཆོག་གི་དབང་ཞུས། དགུ་པར་མཁན་པོ་གཙང་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། བཅུ་གཉིས་པར་མཁན་པོ་ཡེར་པ་བ་དང་། སློབ་དཔོན་མངའ་རིས་པ་གཉིས་ལས་རབ་ཏུ་བྱུང་། མཚན་ལ་གཞོན་ནུ་རྒྱལ་པོ་ཞེས་གསོལ། འདུལ་བའི་ཆོས་སྐོར་རྣམས་གསན། རིན་པོ་ཆེ་གྲགས་ཡེ་ཤེས་ལས་ནཱ་རོ་ཆོས་དྲུག་ལོ་ལྔའིི་བར་དུ་ཞུས། ཁྱུང་ནག་ཤཱཀ་དར་ལ་རྙིང་མའི་རྒྱུད་ལུང་མན་ངག་མང་དུ་མནོས། སྒྲགས་ཕུ་རུ་གྲུབ་ཐོབ་མེ་ལོ་རྡོ་རྗེ་དང་མཇལ། ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས་ཏེ་རྟོགས་པ་རྒྱུད་དུ་འཁྲུངས། མཚུར་ཕུར་བླ་མ་གཉན་རས་དང་དར་མ་མགོན་པོ་གཉིས་ལས་ཀརྨ་པའི་ཆོས་སྐོར་དང་། རྒྱ་སྨན་པ་བླ་མ་ནམ་མཁའ་རྡོ་རྗེ་ལས་གསང་སྐོར་གནད་ཀྱི་ངོ་སྤྲོད། སྐལ་ལྡན་ཆོས་ཀྱི་སེང་གེ་ལས་གསང་བ་གནད་ཀྱི་མེ་ལོང་ལ་སོགས་པའི་རྫོགས་ཆེན་གསང་སྐོར་རྣམས་ཞུས། སླར་གྲུབ་ཐོབ་མེ་ལོང་རྡོ་རྗེ་ལོ་ངོ་བརྒྱད་རིང་བསྟེན། སྙིང་ཐིག་གི་དབང་ཁྲིད་གདམས་པ་མ་ལུས་པར་མནོས། ལྷ་བཟོ་ལ་ཡང་མཁས། ཡར་ཀླུང་དུ་འཚར་སྟེང་གི་རི་ཁྲོད་བཏབ། སློབ་དཔོན་སྒོམ་པ་ལས་བསམ་གཏན་མིག་གི་སྒྲོན་མེ་དང་། དཔོན་པོ་བྱང་གྲུབ་ལས་ཡང་དགོན་པའི་རི་ཆོས། མར་ལམ་བླ་མ་བཀྲ་ཤིས་ལུང་པ་ལས་གཤིན་རྗེ་དགྲ་ནག་དང་། སློབ་དཔོན་ཡེ་ཤེས་ལས་རྒོད་ཚང་པའི་ཁྲིད་རྣམས་དང་། ཨ་རོའི་ཁྲིད་མོ་ཆེ་བཅས་ཞུས། རི་ཁྲོད་སོགས་སུ་སྒོམ་སྒྲུ་མཛད། དོན་བརྒྱད་པ་རབ་བྱུང་དྲུག་པའི་ཆུ་ལུག་ཕྱི་ལོ་༡༣༤༣ ལོར་སྐུ་གཤེགས། གསང་སྔགས་རྙིིང་མའི་སློབ་དཔོན་ཆེན་པོ་ཞིིག་ཡིན། སློབ་མ་གྲགས་ཆེ་བ་ནི་རྒྱལ་བ་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་དང་། ཀརྨ་པ་རང་བྱུང་རྡོ་རྗེ་རྣམ་གཉིས་ཡིན། མཚན་གཞན། ཐར་པ་རྒྱན། གཞོན་ནུ་རྒྱལ་པོ།

{{#arraymap:རིག་འཛིན་ཀུ་མཱ་ར་རཱ་ཛ་

|; |@@@ | | }}