74396

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་འཛིན་བླ་མ་ཀུ་མཱ་ར་ (1)
Part of speech མིང་ཚིག
Definition རྙིང་མའི་སློབ་དཔོན་ཞིག་སྟེ། རབ་བྱུང་བཞི་པའི་མེ་སྟག་ཕྱི་ལོ་ ༡༢༦༦ ལོར་འཁྲུངས། དགུང་ལོ་དགུ་པར་མཁན་པོ་གཙང་པ་ལས་དགེ་བསྙེན་བསྒྲུབས། འཁོར་བ་དོང་སྤྲུགས་ཀྱི་ཆོས་སྐོར་རྣམས་ཞུས། བཅུ་གཅིག་པ་ལ་ཕག་མོ་གྲུའི་མཁན་པོ་ཡེར་བ་དང་སློབ་དཔོན་མངའ་རིས་པ་ལས་རབ་ཏུ་བྱུང་ནས་མཚན་གཞོན་ནུ་རྒྱལ་པོར་གསོལ། འདུ་བ་བསླབས། རིན་པོ་ཆེ་གྲངས་ཡ་བ་ལས་ནཱ་རོ་ཆོས་དྲུག་ཁྱུང་ནག་ཤཱཀ་དར་ལས་རྙིང་མའི་རྒྱུད་ལུང་མན་ངག་མང་དུ་ཞུས། དེ་ནས་སྒྲགས་ཀྱི་དར་ཕུག་ཏུ་མེ་ལོང་རྡོ་རྗེ་དང་མཇལ། ཕྱག་རྒྱ་ཆེན་པོ་དང་རྡོ་རྗེ་ཕག་མོའི་ཆོས་སྐོར་ལ་སོགས་ཞུས། མཁར་ཆུར་མེ་ལོང་རྡོ་རྗེ་བ་ལས་སྙིང་ཐིག་གི་དབང་ཁྲིད་གདམས་པ་མ་ལུས་པ་ཞུས། དུས་རྟག་ཏུ་རི་ཁྲོད་དང་གངས་ཁྲོད་འབའ་ཞིག་ལ་བཞུགས་ཏེ་སྒྲུབ་པ་སྙིང་པོར་མཛད། ཀརྨ་པ་རང་བྱུང་རྡོ་རྗེ་ལ་སོགས་པ་མང་པོ་ལ་གསང་བ་བླ་ན་མེད་པའི་ཆོས་འཁོར་མང་དུ་བསྐོར། སྙིང་ཐིག་གི་གདམས་པ་རྫོགས་རིམ་གཞན་དང་མི་འདྲེས་པར་ཆོས་ཀྱི་རང་སྐད་གྲུབ་མཐའ་རྩལ་དུ་བཏོན་ནས་གསུངས་ཏེ། དགུང་ལོ་བདུན་ཅུ་དོན་བརྒྱད་པ་རབ་བྱུང་དྲུག་པའི་ཆུ་ལུག་ཕྱི་ལོ་ ༡༣༤༣ ལོར་སྐུ་གཤེགས།

{{#arraymap:རིག་འཛིན་བླ་མ་ཀུ་མཱ་ར་

|; |@@@ | | }}