74767

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིན་ཆེན་བཟང་པོ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ས་ཕོ་རྟ་ལོ་སྟེ་ཕྱི་ལོ་ ༩༥༨ ལོར་མངའ་རིས་གུ་གེའི་ཡུལ་དུ་ཡབ་གཞོན་ནུ་དབང་ཕྱུག་དང་། ཡུམ་ཅོག་རོ་ཀུན་བཟང་ཤེས་རབ་བརྟན་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་གསུམ་པར་རབ་ཏུ་བྱུང༌། བཅུ་བདུན་ཐོག་འཕགས་ཡུལ་དུ་བྱོན་ནས་ལོ་བཅུ་བཞུགས། ཇོ་བོ་ན་རོ་ཏ་པ་སོགས་པཎྜི་ཏ་བདུན་ཅུ་རྩ་ལྔ་བསྟེན་ནས་མདོ་རྒྱུད་སོགས་རིག་གནས་གང་ལ་འཆད་རྩོད་རྩོམ་བསྒྱུར་ཐོགས་པ་མེད་པར་གྱུར་ཏེ། བསྟན་པ་ཕྱི་དར་གྱི་སྐབས་སུ་གསར་མའི་ལོ་ཙཱ་བ་ཐམས་ཅད་ཀྱི་ཐོག་མར་གྱུར། མདོ་སྡེའི་སྐོར་གཞུང་གྲངས་བཅུ་བདུན་དང་མངོན་པའི་གཞུང་སོ་གསུམ། རྒྱུད་ཀྱི་ལེ་ཚན་བརྒྱ་རྩ་བརྒྱད་སོགས་རྒྱ་གཞུང་བོད་དུ་བསྒྱུར་བ་དང་འགྱུར་བཅོས་མཛད་པ་ཤིན་ཏུ་མང་ཞིང༌། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང༌། དེའི་འགྲེལ་པ་ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགས་མཛད་པའི་ཟླ་ཟེར་སོགས་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པས་བོད་ཡུལ་དུ་དར་རྒྱས་གྱུར་པས་མ་ཚད། དཔལ་ཕག་མོ་གྲུ་པའི་དུས་རྒྱ་ནག་ཏུའང་དར་བས་རྒྱལ་པོ་ཧྭང་ཐེའི་ཧུའི་ཨི་ཅིའི་དུས་ཡར་ཀླུངས་མཆིག་སྨན་གྱིས་བསྐུལ་ནས་ཕོ་བྲང་ཏའི་ཏུང་དུ་ཡེ་ཤེས་དཔལ་གྱིས་ཞུས་དག་མཛད་དེ་བརྐོས་པའི་རྒྱ་པར་ཡང་ཡོད། ལོ་ཆེན་འདི་ཉིད་ལ་གསོ་རིག་གི་བརྒྱུད་པ་འཛིན་པའི་སློབ་མའི་ཐུ་བོ་རུ་གྱུར་པ་སྤུ་རེངས་ཀྱི་སྨན་པ་མི་བཞི་གཙོས་བོད་ཡུལ་ཀུན་ཏུ་ཁྱབ་པར་གྱུར་ཏེ་མཛད་རྗེས་ཤིན་ཏུ་ཆེ། རབ་བྱུང་དང་པོའི་ཤིང་མོ་ལུག་ལོ་ཕྱི་ལོ་ ༡༠༥༥ ལོར་སྐུ་གཤེགས།

{{#arraymap:རིན་ཆེན་བཟང་པོ་

|; |@@@ | | }}

རིན་ཆེན་བཟང་པོ་ (2)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་མེ་སྦྲུལ་ཕྱི་ལོ ༡༣༡༧ ལོར་མི་ཉག་ཏུ་འཁྲུངས། རབ་བྱུང་དྲུག་པའི་ཆུ་ཕག་ཕྱི་ལོ ༡༣༨༣ ལོར་སྐུ་གཤེགས། སློབ་དཔོན་བསོད་ནམས་རྒྱལ་མཚན་གྱིས་དབུ་སྐྲའི་གཙུག་ཕུད་བཞེས། ཡི་གེའི་འབྲི་ཀློག་བསླབས། དགུང་ལོ་བཅོ་བརྒྱད་པར་དབུས་སུ་བྱོན། གསང་ཕུར་དབུ་རུ་པ་བྱང་ཆུབ་སྐྱབས་ལས་འདུལ་མཛོད་སོགས་སྦྱངས། ཁམས་སུ་ཕེབས་ཀྱང་ཀརྨ་པ་རོལ་པའི་རྡོ་རྗེ་ཕོ་བྲང་ནས་ཡར་བྱོན་ཕྱག་ཕྱི་བྱས་ནས་སླར་ཡང་དབུས་སུ་བྱོན། ཆོས་གྲགས་གཉིས་པ་བླ་མ་ཆོས་དཔལ་དང་། མཉམ་མེད་ལྟ་སྟོན་ཞི་པོ། རུ་མཚམས་པ་གྲགས་པ་བཟང་པོ། སེམས་དཔའ་སྦྱིན་པ་དཔལ། སློབ་དཔོན་སེང་གེ་རྒྱལ་མཚན། སློབ་དཔོན་གྲགས་པ་བཟང་པོ་སོགས་ལ་བསྟེན། བདེ་དགྱེས་སོགས་མདོ་སྔགས་གཞུང་ལ་ལེགས་པར་སྦྱངས། ཞྭ་ལུ་དགོན་དུ་བུ་སྟོན་རིན་པོ་ཆེ་ལ་བརྒལ་བརྟག་མཛད་སྐབས་བུ་སྟོན་ཡང་ལན་ཐེབས་དཀའ་བ་བྱུང་བས་རྗེ་སྐྱབས་མཆོག་དཔལ་ཡང་མཉེས། དབུས་གཙང་དུ་ལོ་ངོ་བཅོ་ལྔ་ཙམ་བཞུགས། རབ་སྒང་བསམ་གྲུབ་རིན་ཆེན་གླིང་དུ་བཞུགས་ནས་འཆད་ཉན་སྤེལ། ཡུལ་གྱི་འཁྲུགས་པའང་བསྡུམས། ར་ཏི་ལུང་པར་དགོན་པ་བཏབ། ཕྱི་ལོ་ ༡༣༨༢ ནས་ཚོགས་པ་བསྐྱང། སློབ་ཚོགས་ཀྱང་མཐའ་ཡས་པ་བྱུང། མི་ཉག་མཁས་དབང་མི་ལྔའི་གཅིག་ཡིན། མཚན་གཞན། ར་ཏི་རྨ་སེང་སྟོན་པ་བསོད་ནམས་རྒྱལ་མཚན།

{{#arraymap:རིན་ཆེན་བཟང་པོ་

|; |@@@ | | }}

རིན་ཆེན་བཟང་པོ་ (3)
Part of speech མིང་ཚིག
Definition གསེར་ཏེ། རིན་པོ་ཆེ་ལྔ་ལས་དང་པོ་ཡིན་པས་ནའོ། །
Type མངོན་བརྗོད།

{{#arraymap:རིན་ཆེན་བཟང་པོ་

|; |@@@ | | }}