74772

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིན་ཆེན་བླ་མ་འཇམ་དབྱངས་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་མེ་སྤྲེལ་ཕྱི་ལོ་ ༡༢༣༦ ལོར་རྒྱལ་ཚ་འབུམ་གྱི་སྲས་སུ་འཁྲུངས། བཤེས་གཉེན་མང་པོ་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕྱི་ནང་གི་རིག་གནས་ཀུན་ལ་མཁས་པར་སྦྱངས དགུང་ལོ་ཉེར་གཉིས་པ་རབ་བྱུང་བཞི་པའི་ས་རྟ་ཕྱི་ལོ་ ༡༢༥༨ ལོར་དཔོན་ཆེན་དགའ་བདེས་རོ་སྐམ་དགོན་པའི་གདན་སར་བསྐོས། སློབ་མའི་ཚོགས་པ་བསྐྱངས། ཉེར་གསུམ་པར་ཡང་དགོན་གྱི་རིན་པོ་ཆེ་སངས་རྒྱས་རིན་ཆེན་སོགས་ལས་བསྙེན་པར་རྫོགས། གདན་སར་ལོ་ངོ་ཉེར་གཉིས་རིང་བཞུགས། དགོན་པའི་འཆད་ཉན་དང་སྒོམ་སྒྲུབ་དར་སྤེལ་མཛད། ཞེ་བཞིི་པ་རབ་བྱུང་ལྔ་པའི་ས་ཡོས་ཕྱི་ལོ་ ༡༢༧༩ ལོར་སྐུ་གཤེགས། རོ་སྐམ་དགོན་པའི་གདན་རབས་བཞི་པ་ཡིན།

{{#arraymap:རིན་ཆེན་བླ་མ་འཇམ་དབྱངས་

|; |@@@ | | }}