75237

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུས་སྦལ་ (1)
Part of speech མིང་ཚིག
Definition སྲོག་ཆགས་ལུས་པོ་རུས་པའི་སྐོགས་ཤུན་གྱིས་གཡོགས་ཤིང་། འགྲོ་བའི་སྐབས་སུ་མགོ་དང་རྐང་ལག་ཕྱི་ལ་འཇུར་ནས་དལ་བུར་འགྲོ་བ། འཇིགས་པ་བྱུང་ན་མགོ་དང་རྐང་ལག་སྐོགས་ཤུན་ནང་དུ་བསྐུམ་ཐུབ་པ་དང་། ལྟོགས་སྐོམ་ལ་བཟོད་བསྲན་ཆེ་ཞིང་། ཚེ་ཐང་ཧ་ཅང་རིང་བ་དང་། དེའི་སྐོགས་ཤུན་སྨན་བྱེད་ཆོག་ལ། ནུས་པས་མཛེས་ནད་དང་། གཉན་ནད་བཅས་ལ་ཕན།
Keyword True
Example རུས་སྦལ་གྱི་འགྲོས་ཀྱིས་གཞུང་དོན་བཤད་ཅེས་དང་། ཁྱིམ་ལ་རུས་སྦལ་གསོ་ལྟ་བུ།
Synonyms ཀཱུརྨ། ཤུབས་ངན་ཅན། ཁོག་པ་ཅན། གློས་འཐུང་། འགྲམ་རྐྱོང་། ངན་པའི་ཤུབས་ལྡན། དམ་འཛིན། བུལ་འགྲོ། ཡན་ལག་ལྔ་བ། ཡན་ལག་ལྔ་སྦས། མངྒུར།

{{#arraymap:རུས་སྦལ་

|; |@@@ | | }}