75543

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོ་ལོ་ཚུལ་ཁྲིམས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཕུག་པ་ཚུལ་ཁྲིམས་ཡེ་ཤེས་ལས་རབ་ཏུ་བྱུང་ཞིང་གདམས་པ་རྫོགས་པར་གསན་ནས་སྒྲུབ་པ་ལ་མི་ཚེ་བསྐྱལ། རོ་ལོའི་གཙུག་ལག་ཁང་(འདི་ནི་ད་ལྟ་ཡུལ་ཤུལ་རྫོང་གི་མངའ་ཁུངས་དད་པ་དགོན་ཡོད་ས་ནས་རྩི་ཆུ་ཆུ་རྒྱུད་དེད་ནས་མར་ཏོག་ཙམ་སོང་ན། གླེ་ནང་ཞེས་པའི་ལུང་པ་ཞིག་ཡོད་དེ་ཡི་ཕུ་ན་རོ་ལོ་ནང་ཟེར་བ་ཞིག་འདུག་དེ་ཨེ་ཡིན་སྙམ། ལོ་རྒྱུས་རྙིང་པར་ཡོད་པའི་ས་ཆའི་མིང་དང་ས་ཕྱོགས་བཅས་འགྲིགས་པོ་འདུག )དང་བླ་མ་རིན་པོ་ཆེའི་འདྲ་འབག་དངུལ་སྐུ་ཆེན་མོ་བཞེངས། གྲྭ་ཚོགས་ཀྱང་ཆེར་འདུས་འགྲོ་དོན་རླབས་ཆེན་མཛད། རབ་བྱུང་ལྔ་པའི་ནང་ཙམ་ལ་བྱོན། (འཁྲུངས་འདས་མི་གསལ)སློབ་མ་ལ་རིགས་དབོན་དབུ་སེ། ཀུན་དགའ་གཞོན་ནུ། ཚུལ་གྲགས་པ་སོགས་བྱོན། རི་དགོན་བཅོ་བརྒྱད་དུ་གྲགས་པའི་ནང་གི་རོ་ལོ་བཀའ་བརྒྱུད་ཀྱི་བླ་མ་དང་པོ་དེ་ཡིན།

{{#arraymap:རོ་ལོ་ཚུལ་ཁྲིམས་རྒྱལ་མཚན་

|; |@@@ | | }}