75580

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོག་ཞིག་པོ་རིན་ཆེན་ཤེས་རབ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ལྕགས་ཡོས་ཕྱི་ལོ་ ༡༡༧༡ ལོར་ཡབ་རོག་བཀྲ་ཤིས་གྲགས་པ་དང་། ཡུམ་ཆོས་ཀྱི་དགེ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གསུམ་པར་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། བཅུ་གཉིས་པར་ཁ་རག་འདུལ་བ་འོད་ལས་ཆོས་མང་དུ་ཞུས། བཅུ་དྲུག་པར་གྲོང་ཆོག་ཏུ་ཕེབས་ཏེ་ཡུམ་གྱི་ཞབས་ཏོག་མཛད། བཅོ་བརྒྱད་པར་བྱ་མོ་སྦྲེ་ལྷག་གི་ཕུག་པར་སྒོམ་སྒྲུབ་གནང་། གཅེན་པོ་རོག་ཤེས་རབ་འོད་ལས་ཆོས་དང་གདམས་ངག་མང་དུ་ཞུས། ཉེར་ལྔ་པར་ནམ་མཁའ་རྫོང་དུ་སྒྲུབ་པར་མཛད། ཉེར་དྲུག་པར་རྒྱལ་བ་ཏེན་ནེ་དང་མཇལ། གདམས་ངག་རྫོགས་པར་ཞུས། རྟོགས་པ་ཁྱད་པར་ཅན་འཁྲུངས། སོ་གཅིག་པར་འབྲི་གུང་དུ་མཁན་པོ་དཔལ་ཆེན་གུར་བ་དང་། སློབ་དཔོན་གཙང་པ་འདུལ་འཛིན། གསང་སྟོན་ལྕགས་རི་བ་མཛད་དེ་བསྙེན་པར་རྫོགས། མཚན་ལ་རིན་ཆེན་ཤེས་རབ་ཅེས་གསོལ། འཆུས་པ་བརྩོན་འགྲུས་སེང་གེ་དང་། འཆར་བུ་རྒྱ་རས། རི་ཁྲོད་སྦུག་སྟོན། རྒྱལ་བ་དཀོན་སྐྱབས། རོག་སྟོན་བཙན་པོ། རོག་སྟོན་ཀླུ་སྦྱིན། ཞིག་པོ་བདུད་རྩི། ཁ་རག་སྐྱི་སྟོན། ཤངས་པ་རོམ་བྷེ། ལོ་སྒོམ། གླན་སྙིང་པོ། རོག་ཤེས་རབ་ཟླ་བ། ལྷབ་འདྲེས་མ་གོང་བ་བཅས་བཤེས་གཉེན་རྣམས་ལས་མདོ་རྒྱུད་བསྟན་བཅོས་དང་། གྲུབ་མཐའ་སོ་སོའི་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་བཅས་ལ་གསན། ཙ་རི་དང་། མཁར་ཆུ། ཤམ་བུ། མུ་ཏིག ཕོ་མ། གངས་བཟང་བཅས་ཀྱི་གནས་རི་རྣམས་སུ་ཕེབས་ནས་སྒོམ་སྒྲུབ་མཛད། སོ་བདུན་པར་བཀའ་བརྒྱུད་ཀྱི་གསུང་རབ་རྣམས་གསེར་དུ་བཞེངས། བཞི་བཅུ་པར་དིང་རིར་ཕེབས་ནས་མཆོད་པ་རྒྱ་ཆེར་ཕུལ། དོན་ལྔ་པ་རབ་བྱུང་བཞི་པའི་ཤིང་སྦྲུལ་ཕྱི་ལོ ༡༢༤༥ ལོར་སྐུ་གཤེགས། སློབ་ཚོགས་བསྐྱངས། ལམ་རིམ་ཆེ་ཆུང་བཤད་འབུམ་སོགས་བསྟན་བཅོས་མང་དུ་བརྩམས། ཞི་བྱེད་བརྒྱུད་པའི་ཕྱི་མའི་སྐབས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན།

{{#arraymap:རོག་ཞིག་པོ་རིན་ཆེན་ཤེས་རབ་

|; |@@@ | | }}