75610

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོང་བ་རྡོ་རྗེ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཆུ་ལུག་ཕྱི་ལོ་ ༡༢༨༣ ལོར་ཡབ་ཨཱ་ཀ་ར་སིདྡྷིའི་སྲས་སུ་འཁྲུངས། གཞོན་དུས་ནས་འབྲི་ཀློག་སྦྱངས། འཇམ་དབྱངས་རིན་རྒྱལ་དང་སློབ་དཔོན་ཤེས་རྒྱལ་གཉིས་ཀྱིས་མཁན་སློབ་མཛད་དེ་རབ་ཏུ་བྱུང་། དགུང་ལོ་བཅུ་དྲུག་པར་དབེན་དམར་གྱི་གདན་སར་བྱོན། དུས་འཁོར་གྱི་བཤད་གྲྭ་བསྐྱངས། མཁན་པོ་དཀའ་བཞི་བ་དང་མཁན་པོ་ཞལ་སྔ་བ་ལས་བསྙེན་པར་རྫོགས། ཐར་ལོ་ཉི་མ་རྒྱལ་མཚན་ལས་སྒྲ་ཙནྡྲ་པ་དང་། ཡི་གེའི་རིགས་ཐམས་ཅད་བསླབས། མངོན་པ་དང་མན་ངག་སྒྲུབ་ཐབས་མང་པོ་གསན། རོང་བ་ཤེས་རབ་སེང་གེ་ལས་དུས་འཁོར་གྱིས་གཙོས་པའི་དབང་ཀུན་ཞུས། གཞན་ཡང་མཁན་པོ་ཞལ་སྔ་བ་ལས་འདུལ་བ་དང་། མཛོད། མཇོ་བོ་ལྷས་པ་སངས་རྒྱས་སྒོམ་པ་ལ་སྒང་ལོ་ཙཱ་བ་ནས་བརྒྱུད་པའི་རྡོ་རྗེ་ཕྲེང་བ་དང་། གསང་འདུས། ཇོ་བོ་ལུགས་ཀྱི་བདེ་མཆོག ལམ་འབྲས་སོགས་མན་ངག་དང་། རྒྱུད་མང་པོ་ཞུས། སྲིའུ་ཆུང་བ་བློ་ལྡན་སེང་གེ་ལས་གསང་འདུས་དང་། ཡོ་ག གསང་ལྡན། གདན་བཞི་སོགས་རྒྱུད་མང་པོ་གསན། ཤམྦྷར་གྱི་གདན་ས་ཡང་བསྐྱངས་ནས་དུས་འཁོར་གྱི་འཆད་ཉན་མཛད། རྒྱལ་པོ་ཆེན་པས་གདན་དྲངས། ཞེ་གསུམ་པ་རབ་བྱུང་ལྔ་པའི་ཤིང་གླང་ཕྱི་ལོ་ ༡༣༢༥ ལོར་སྐུ་གཤེགས། སློབ་མ་གསོ་བོ་ནི་བུ་སྟོན་རིན་པོ་ཆེ་ཡིན།

{{#arraymap:རོང་བ་རྡོ་རྗེ་རྒྱལ་མཚན་

|; |@@@ | | }}