75613

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོང་བོ་ཁྲི་རྒན་དགེ་འདུན་མཁྱེན་རབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ཕྱི་ལོ་ ༡༧༣༦ ལོར་རོང་དཔོན་ཚེ་མགོན་བཀྲ་ཤིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། མཚན་ལ་ལྷ་རྒྱས་ཞེས་གསོལ། དགུང་ལོ་བརྒྱད་པར་ཡི་གེའི་སྦྱོར་ཀློག་བསླབས། བཅུ་གཅིག་པར་རོང་བོོོ་ཐོས་བསམ་རྣམ་རྒྱལ་གླིང་དུ་ཞུགས། མཚན་ཉིད་སོགས་གཞུང་ཆེན་ལ་ཐུགས་བརྩོན་མཛད། མཁན་ཆེན་སེང་གེ་ལས་རབ་ཏུ་བྱུང་། བླ་བྲང་དུ་ཉིན་ལྔའི་རིང་དུ་དམ་བཅའ་བཞག ཁས་ལེན་ལ་རིགས་པས་གནོད་བྱེད་མ་བྱུང་། དབུས་སུ་སྲད་རྒྱུད་མཁན་པོ་སངས་རྒྱས་འོད་ཟེར་སོགས་ལས་གཞུང་ལུགས་རྣམས་མཁས་པར་སྦྱངས། གཙང་བ་གོ་བོ་མཁན་ཆེན་ཡེ་ཤེས་དཔལ་ལྡན་ལས་བསྙེན་པར་རྫོགས། འབྲས་སྤུངས་སྒོ་མང་དུ་ཕར་ཕྱིན་དམ་བཅའ་བཞག། པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་། མཁན་པོ་དགེ་འདུན་བདེ་ཆེན། རྒྱལ་སྲས་རྡོ་རྗེ་འཆང་། ཁྲི་ཆེན་ངག་དབང་ཆོས་གྲགས་སོགས་ལས་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན། རབ་བྱུང་བཅུ་གསུམ་པའི་ལྕགས་གླང་ཕྱི་ལོ་ ༡༧༨༡ ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་ཁྲིར་བྱོན། གདན་ས་ལོ་ངོ་བདུན་རིང་བསྐྱངས། འཆད་ཉན་དང་། འགྲིག་ལམ། ཀུན་སྤྱོད་བཅས་ལ་དོ་དམ་གནང་། ཁྲི་ཟུར་རྗེས་རྒྱལ་པོ་གླིང་ཚང་གི་ཚ་རྒྱལ་སྒྲུབ་སྡེ་ཕུལ་བ་བདག་གིར་བཞེས། རྣམ་རྒྱལ་མཆོད་རྟེན་སོགས་རྟེན་བཞེངས་མང་དུ་གནང་། བརྒྱད་ཅུ་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག་ཕྱི་ལོ་ ༡༨༡༥ ལོར་སྐུ་གཤེགས། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་རབས་བཅུ་བདུན་པ་ཡིན།

{{#arraymap:རོང་བོ་ཁྲི་རྒན་དགེ་འདུན་མཁྱེན་རབ་

|; |@@@ | | }}