75633

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོང་སྟོན་པདྨ་བདེ་ཆེན་གླིང་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་ ༡༦༦༣ ལ་འཁྲུངས། རྒྱལ་མོ་རྨུ་རྡོའི་གནས་ནས་ཀློང་གསལ་ཌཱ་ཀིའི་སྙིང་ཐིག་བཀའ་འདུས་ཞི་ཁྲོའི་སྐོར་སོགས་གཏེར་ནས་བཞེས་པ་དང༌། ཡང་ཀུ་སེའི་གཏེར་སྟོན་ཁྱུང་གྲགས་རྡོ་རྗེར་གཏེར་གྱི་ལུང་བསྟན་བྱུང་བ་རིག་འཛིན་ཀློང་གསལ་གྱིས་གཏེར་སྟོན་ཚད་ལྡན་དུ་ངོས་འཛིན་གནང་བས། རྫོགས་ཆེན། བཀའ་བརྒྱད། དྲག་པོ་ཡེ་ཤེས་འཇིགས་མེད་རྩ་གསུམ་སྐོར་སོགས་གཏེར་ཁ་མང་དུ་ཐོན་པ་བྱུང༌། འདི་གཡུ་སྒྲའི་རྣམ་འཕྲུལ་དུ་གྲགས་ཤིང་མཚན་དངོས་ཨོ་རྒྱན་ཕུན་ཚོགས་ཡིན། ཐོག་མ་ཡོང་དགེ་གཏེར་ཆེན་གྱི་ཞབས་གྲས་སུ་བཞུགས་པ་ཕྱིན་རང་ཉིད་ལ་གཏེར་གྱི་བཀའ་བབ་ཐོག་མར་བྱུང་ཚེ་ཀཿཐོག་ཏུ་ཕེབས་པ་ཡིན་ཅིང༌། འདིའི་གཏེར་མ་སཱཙྪའི་བསྐོས་ཕོར་ཞིག་ཀཿཐོག་ནང་རྟེན་གྲས་སུ་སྣང༌། རྗེ་མི་འགྱུར་རྡོ་རྗེའི་ལུང་གིས་བསྐུལ་ནས་ས་ངན་ཕྱོགས་སུ་འགྲོ་དོན་རྒྱ་མི་ཆུང་བ་བྱུང་སྟེ་ཀཿཐོག་ཏུ་འབུལ་སྐྱེལ་ཡང་མཛད།

{{#arraymap:རོང་སྟོན་པདྨ་བདེ་ཆེན་གླིང་པ་

|; |@@@ | | }}