76519

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་བཞིས་རྒྱས་འདེབས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། དང་པོ་དམ་རྒྱ་ནི་ལུས་ཀྱི་བཅའ་བ་ལག་པ་གཉིས་མཉམ་བཞག་གི་ཕྱག་རྒྱ་སོགས་ལྷ་སོ་སོའི་ཕྱག་རྒྱ་འཆའ་ཞིང་། ངག་ཏུ་ཨོཾ་སརྦ་བིཏ་སོགས་ལྷ་སོ་སོའི་སྔགས་ལན་གསུམ་ཕྱག་རྒྱ་དང་བཅས་པར་བྱ། སེམས་ཀྱིས་གཙོ་བོ་ལྷ་སོ་སོའི་ཐུགས་ཀར་སེམས་དཔའ་རྡོ་རྗེ་རྩེ་ལྔ་པ་གཅིག་གིས་རྒྱས་གདབ་པར་བསམ་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཆོས་རྒྱ་ལ་ལུས་ཀྱི་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་སོགས་ཏིང་ངེ་འཛིན་གྱི་སྤྱོད་ལམ་དང་ལྡན་པར་བྱས་ལ། ངག་ཏུ་ལྷ་ཐམས་ཅད་ཀྱི་སོགས་བརྗོད། སེམས་ཀྱིས་ལྷ་ཐམས་ཅད་ཀྱི་མགྲིན་པར་ཡི་གེ་ཧྲཱིཿ ཞུ་བ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་མདུན་གྱི་འདབ་མ་ལྕེར་གྱུར་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེ་དག་གི་སྟེང་དུ་ཧཱུྃ་ཞུ་བ་ལས་རྡོ་རྗེ་དཀར་པོ་ནས་འབྲས་ཙམ་རེ་རེ་བསམ་པའི་ལྟེ་བ་སྟོང་པའི་ནང་དུ་རིགས་ལྔ་སོ་སོའི་ས་བོན་ཨོཾ་དཀར་ཧཱུྃ་དཀར་ཏྲཱྃ་སྔོ་ཧྲཱིཿ སེར་ཨཱཿ ལྗང་གུ་སོགས་ལྷ་སོ་སོའི་སྐུ་མདོག་དང་མཐུན་པ་རེ་གསལ་གདབ། བྱང་སེམས་བཅུ་དྲུག ཉན་ཐོས་བཅུ་དྲུག རང་རྒྱལ་བཅུ་གཉིས། ཁྲོ་བོ་བཅུ་དྲུག འཇིག་རྟེན་པ་རྣམས་ལ་ཧཱུྃ་དཀར་པོ་རེ་རེ་བསམ་པ་ནི་ཆོས་རྒྱའོ། །ལས་རྒྱ་ནི་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་སྟེང་འོག་ཏུ་ཁ་སྤྲད་དེ་དཔྱིད་ཟུར་གཡོན་གྱི་ཐད་དུ་བཞག ངག་ཏུ་ཨོཾ་ན་མོ་སོགས་རྩ་རིག་གི་ཏདྱ་ཐཱའི་ཚེ་ཁུ་ཚུར་བཀྲོལ་ལ་ནུ་མ་གཡས་དང་སྙིང་ག་གསུམ་དུ་གར་སྐོར་བྱ་ཞིང་སྭཱཧཱའི་བར་བརྗོད་པ་སྔོན་དུ་འགྲོ་བའི་རང་སྔགས་ལན་རེ་གླུར་བླང་ཞིང་། བྱང་སེམས་སོགས་རང་སྔགས་མེད་པ་རྣམས་ལ་རྩ་རིག་ཚར་རེ་ལྷག་པོ་གླུར་བླང་ཞིང་ལྷ་སོ་སོའི་ཕྱག་ཆེན་དང་། འཇིག་རྟེན་པ་རྣམས་ལ་དམ་རྒྱ་བཅུ་པོ་བཅའ། ཕྱག་རྒྱ་རྣམས་ཀྱི་འཆའ་ཚུལ་གོང་གི་ལྷ་བསྐྱེད་ལྟར་བྱས་པ་ཆོག ཕྱག་མཚན་མི་སྒོམ་ལ། སེམས་ཀྱི་ལྷ་རྣམས་ཀྱི་ཐུགས་ཀར་ཨཱཿ ཞུ་བ་ལས་སྣ་ཚོགས་རྡོ་རྗེ་རེ་རེས་རྒྱས་གདབ་པ་དེ་ལ་རྭ་བཅུ་གཉིས་ཡོད་པར་གསུངས་པས་རྩེ་མོ་གསུམ་པ་ཡིན་པ་འདྲ། ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་དཀར་པོ་རེ་ལེབ་ཆགས་སུ་བསམ་པ་ནི་ལས་ཀྱི་རྒྱའོ། །ཕྱག་རྒྱ་ཆེན་པོའི་ཕྱིར་ལྷ་དེ་དང་དེའི་རང་རང་གི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ལས་རྒྱའི་སྐབས་ཀྱི་ཕྱག་ཆེན་བཞི་འཆའ་ཞིང། ཕྱག་མཚན་ཡོད་པའི་ལྷ་རྣམས་ལ་ཕྱག་མཚན་དང་བཅས་པའི་སྐུར་སྒོམ། འཇིག་རྟེན་པ་རྣམས་ལ་ཐལ་མོ་སྦྱར་བ་ཆོས་ཉན་པའི་ཕྱག་ཆེན་བཅའ། སྔར་ཆོས་རྒྱའི་སྐབས་ས་བོན་ལན་ཏེ་བརྗོད། སེམས་ཀྱིས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུྃ་ཞུ་བ་ལས་རྡོ་རྗེ་རྩེ་ལྔ་པ་རེ་རེས་རྒྱས་གདབ་པར་བསམ་པ་ནི་ཕྱག་རྒྱ་ཆེན་པོའོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:རྒྱ་བཞིས་རྒྱས་འདེབས་

|; |@@@ | | }}

རྒྱ་བཞིས་རྒྱས་འདེབས་ (2)
Part of speech མིང་ཚིག
Definition དང་པོ་དམ་རྒྱ་ནི་ལུས་ཀྱི་བཅའ་བ་ལག་པ་གཉིས་མཉམ་བཞག་གི་ཕྱག་རྒྱ་བཅིང། ངག་དུ་ཨོཾ་སརྦ་བིཏ་སརྦ་ཨཱ་ཝ་ར་ཎ་མི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ་ཞེས་ལན་གསུམ་བརྗོད། སེམས་ཀྱིས་གཙོ་བོའི་ཐུགས་ཀར་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་གཅིག་གི་རྒྱས་བཏབ་པར་བསམ། དེ་བཞིན་དུ་ཨོཾ་སརྦ་བིཏ་ཧཱུྃ་སོགས་ལྷ་སོ་སོའི་སྔགས་ལན་གསུམ་གསུམ་བརྗོད། རང་རང་གི་དམ་རྒྱ་སྙིང་གར་བཅའ། སེམས་དཔའ་བཅུ་དྲུག་སོགས་ལྷ་ལྷག་མ་རྣམས་ལ་རྩ་རིགས་གསུམ་དང་རང་རང་གི་སྤྱིའི་ཕྱག་རྒྱ་རྣམས་བཅའ། ལྷ་ཐམས་ཀྱི་ཐུགས་ཀར་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་རེ་རེའི་རྒྱས་འདེབས་པར་བསམ་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཆོས་རྒྱ་ལ་ལུས་ཀྱི་རྐང་པ་རྡོ་རྗེ་སྐྱིལ་ངཀྲུང་། ལག་པ་མཉམ་བཞག་སོགས་ཏིང་ངེ་འཛིན་གྱི་སྤྱོད་ལམ་བྱ། ངག་སེམས་གཉིས་ཀྱིས་ལྷ་ཐམས་ཅད་ཀྱི་མགྲིན་པར་ཧྲཱིཿ ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་མདུན་གྱི་འདབ་མ་ལྕེར་གྱུར་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་ནས་འབྲས་ཙམ་གྱི་ལྟེ་བར་སོ་སོའི་ས་བོན་བཞུགས་པར་བསམས་ལ། རིགས་ལྔ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿ་ཨཿ དང་། ཡུམ་བཞི་ལ་ཡང་། ཧཱུྃ་ཏྲཱཾ་ཧྲཱིཿ་ཨཿ དང་། སེམས་དཔའ་བཅུ་དྲུག་ལ། ཧཱུྃ་ཛཿ་ཧོ་དྷུ། ཏྲཱཾ་རྱ་བྷྲི་ཧ། ཧྲཱིཿ དྷཱིཿ་ཀྲུཾབྷ། ཀཾ་རཾ་ཀྵཾ་སཾ་དང་། ཕྱི་ནང་གི་ལྷ་མོ་བརྒྱད། ཧཱུྃ་ཏྲཱཾ་ཧྲཱི་ཨཿ ཡང་ཧཱུྃ་ཏྲཱཾ་ཧྲཱིཿ་ཨཿ དང་། སྒོ་བ་བཞི་ལ། ཛཿ་ཧཱུཾ་བཾཿ་དང་། སྒོ་ཕྱི་མ་མན་ཆད་ཀྱི་ལྷ་ལ། སྡེ་ཚན་གྱི་གྲངས་དང་མཐུན་པའི་ཧཱུྃ་དཀར་པོ་རེ་རེ་བསམ་ཞིང་བརྗོད་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །ལས་རྒྱ་ལ་ལག་པ་རྡོ་རྗེ་ཁུ་ཚུར་གཉིས་སྟེང་འོག་ཏུ་ཁ་སྤྲད་པ་དཀུ་གཡོན་དུ་བཞག ངག་ཏུ། ཨོཾ་ན་མོ་སོགས་རྩ་རིག་ཟློས། ཏདྱ་ཐཱའི་ཁུ་ཚུར་བཀྲོལ་ལ། ནུ་མ་གཡས་དང་གཡོན་དང་སྙིང་ག་གསུམ་དུ་གར་བསྐོར་བྱ་ཞིང་། སྭཱ་ཧཱའི་བར་བརྗོད་པ་སྔོན་དུ་འགྲོ་བས་གོང་གི་འབྱིན་སྔགས་ལན་རེ་གླུར་བླང་ཞིང་། ལྷ་སོ་སོའི་ཕྱག་ཆེན་དང་འཇིག་རྟེན་པ་རྣམས་ལ་དམ་རྒྱ་བཅུ་བཅའ། ཕྱག་མཚན་ནི་མི་བསྒོམ་ལ། སེམས་ཀྱིས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཨཿ ལས་སྣ་ཚོགས་རྡོ་རྗེ་རེ་རེའི་རྒྱས་གདབ་པར་བསམས་པ་ནི་ལས་ཀྱི་ཕྱག་རྒྱའོ། །ཕྱག་ཆེན་ལ་རང་རང་གི་ཏིང་ངེ་འཛིན་དང་། ཕྱག་ཆེན་ཇི་ལྟར་བཞུགས་པ་བཞིན་བཅིངས་ཏེ། ཕྱག་མཚན་ཡོད་པའི་ལྷ་རྣམས་ལ་ཕྱག་མཚན་དང་བཅས་པའི་སྐུར་བསྒོམ་ཞིང་། འཇིག་རྟེན་པ་རྣམས་ལ་ཐལ་མོ་སྦྱར་བ་ཆོས་ཉན་པའི་ཕྱག་ཆེན་བཅས་ལ། ཆོས་རྒྱའི་སྐབས་ལྟར་སྙིང་པོ་ལན་རེ་བརྗོད། སེམས་ཀྱིས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་རེ་རེས་རྒྱས་གདབ་པར་བསམས་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ལྟར་ཕྱག་རྒྱ་བཞིས་རྒྱས་གདབ་པ་ནི་སྤྲུལ་པའི་སྐུ་རྣམས་ཀྱི་སྐུ་གསུང་ཐུགས་ཕྲིན་ལས་དང་བཞི་ལས་སེམས་ཅན་གྱི་དོན་བྱེད་པའི་ནུས་པ་དཔག་ཏུ་མེད་པ་དང་ལྡན་པའོ་ཞེས་ངོར་ཆེན་ཀུན་དགའ་བཟང་པོའི་ཀུན་རིག་གི་སྒྲུབ་ཐབས་སྒྲིབ་པ་རྣམ་སེལ་ལས་སོ། །

{{#arraymap:རྒྱ་བཞིས་རྒྱས་འདེབས་

|; |@@@ | | }}