76524

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་བརྩོན་འགྲུས་སེང་གེ་ (1)
Part of speech མིང་ཚིག
Definition མངའ་རིས་པུ་རངས་ཡིན། ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ལས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ལྷག་ཏུ་ལེགས་སྦྱར་སྐད་ལ་ནང་བྱན་ཚུད་པ་ཞིག་ཡིན། རབ་བྱུང་དང་པོའི་ལྕགས་ལུག་ཕྱི་ལོ་ ༡༠༣༡ ལོའི་ཡན་མན་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་པར་མངགས། བི་ཀ་མ་ལ་ཤཱི་ལར་ཇོ་བོ་རྗེ་བསྟེན་ནས་བཞུགས། རབ་བྱུང་དང་པོའི་ལྕགས་འབྲུག་ཕྱི་ལོ་ ༡༠༤༠ ལོར་བལ་ཡུལ་དུ་སྐུ་གཤེགས། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་དང་བཅས་པའི་གཟུངས་དང་། བསྟན་འགྱུར་ལས་དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་དོན་ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ། རིག་པ་འཛིན་པ་རྩེན་མའི་རྡོ་རྗེ་རྣལ་འབྱོར་མའི་རྗེས་སུ་གནང་བའི་ཆོ་ག གཞན་དོན་སློབ་མ་རྗེས་སུ་བཟུང་བའི་ཆོ་ག དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ། རྣལ་འབྱོར་པ་ལ་གདམས་པ། མཐུ་ཆེན་ལ་གདམས་པ། གླུ་མཁན་ལ་གདམས་པ། མི་སྟེགས་པ་ལ་གདམས་པ། ཤན་པ་ལ་གདམས་པ། རིག་བྱེད་མཁན་ལ་གདམས་པ། སྒྱུ་མ་མཁན་ལ་གདམས་པ། སྨད་འཚོང་མ་ལ་གདམས་པ། འཁོར་བ་ལས་ཡིད་འབྱུང་བར་བྱེད་པ། རྡོ་རྗེ་ཐེག་པའི་རྩ་ལྟུང་རྒྱ་ཆེར་འགྲེལ་བ་ལམ་གྱི་སྒྲོན་མེ། ཕྱག་ན་རྡོ་རྗེ་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བ། བདེན་པ་གཉིས་ལ་འཇུག་པ་བཅས་མང་དུ་བཞུགས།

{{#arraymap:རྒྱ་བརྩོན་འགྲུས་སེང་གེ་

|; |@@@ | | }}