76535

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་མ་དབོན་སྟོན་གཞོན་ནུ་འབྱུང་གནས་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ས་རྟ་ཕྱི་ལོ་ ༡༡༣༨ ལོར་དགྱེར་སྒོམ་པའི་གཅུང་པོ་བུ་མོ་སྟག་གི་སྲས་སུ་འཁྲུངས། སྐལ་ལྡན་ཤིང་རྟའི་སྐྱེ་བར་གྲགས། སྤྱིར་བཤེས་གཉེན་མང་པོ་ལས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། ཡང་སྒོས་སྣེའུ་ཟུར་པ་ཡེ་ཤེས་འབར་ལས་བཀའ་གདམས་པའི་གདམས་ངག་མ་ལུས་ཞུས། སྒོམ་སྒྲུབ་ཉམས་ལེན་གྱིས་རྟོགས་པར་མངོན་དུ་གྱུར། གཙུག་ལག་ཁང་ཆེན་པོ་བཞེངས་པ་སོགས་མཛད། སོ་བཞི་པ་རབ་བྱུང་གསུམ་པའི་ཆུ་འབྲུག་ལོ་ ༡༡༧༢ ལོར་རྒྱ་མ་རིན་ཆེན་སྒང་གི་གདན་སར་བྱོན། གདན་ས་ལོ་ངོ་བཞེ་གཉིས་རིང་བསྐྱངས། བུ་སློབ་མང་དུ་གསོ་སྐྱོང་མཛད། བཤད་སྒྲུབ་བསྟན་པ་རྒྱས་པར་མཛད། དོན་གསུམ་པ་རབ་བྱུང་བཞི་པའི་ལྕགས་རྟ་ཕྱི་ལོ་ ༡༢༡༠ ལོར་སྐུ་གཤེགས། རྒྱ་མ་རིན་ཆེན་སྒང་གི་གདན་རབས་གཉིས་པ་ཡིན།

{{#arraymap:རྒྱ་མ་དབོན་སྟོན་གཞོན་ནུ་འབྱུང་གནས་

|; |@@@ | | }}