76543

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་མཁར་གྲུབ་དགེ་འདུན་འཇམ་དཔལ་གྲུབ་པའི་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ས་ཕག་ཕྱི་ལོ་ ༡༨༣༩ ལོར་མདོ་སྨད་ཅོ་ནེ་ཁྱ་དགེའི་བསེ་ཚང་སྡེ་གྲོང་དུ་འཁྲུངས། ཆུང་དུས་སུ་རྒྱ་མཁར་མཁན་པོ་སྐུ་ཕྲེང་གསུམ་པ་ལས་ཡི་གེའི་འབྲི་ཀློག་སྦྱངས། རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཡང་མནོས། མཚན་ལ་ངག་དབང་དགེ་འདུན་རྒྱ་མཚོ་ཞེས་སྩལ། ཆས་པ་རྒྱ་མཁར་དགོན་བཤད་སྒྲུབ་དར་རྒྱས་གླིང་གི་སྐུ་ཞབས་སྐུ་ཐོག་ལྔ་པ་ཡིན། སློབ་དཔོན་དཀོན་མཆོག་བསྟན་པའི་རྒྱལ་མཚན་དང་། ཨ་མོ་སྤྲུལ་པའི་སྐུ་སོགས་ལས་འཇིགས་བྱེད་སོགས་གཞུང་གི་སྐོར་དང་། སྙན་ངག་སོགས་ཐ་སྙད་རིག་གནས་སྐོར་རེས་ཀྱིས་གསན། བཅུ་བདུན་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན། ཕར་ཚད་སོགས་ལ་ལེགས་པར་སྦྱངས། བསྡུས་གྲྭའི་འགྲེལ་པ་དོན་གསལ། ལེགས་བཤད་སྙིང་པོ། དོན་བདུན་ཅུ་བཅས་ཚོགས་རྒྱུག་ཕུལ། གུང་ཐང་དཀོན་མཆོག་བསྟན་པའི་རྒྱ་མཚོ་ལས་བསྙེན་པར་རྫོགས། ཆོས་རྒྱུན་ཀྱང་མང་དུ་མནོས། རྗེ་ཤེས་རབ་རྒྱ་མཚོ་ལས་བཀའ་འགྱུར་གྱི་ལུང་སོགས་གསན། ཀུན་མཁྱེན་ཡབ་སྲས་རྣམས་ལས་ཚད་མ་སྡེ་བདུན་མདོ་དང་། རིགས་ཚོགས་དྲུག བྱམས་ཆོས་སྡེ་ལྔ་སོགས་བསྟན་འགྱུར་ཕལ་ཆེའི་ལུང་གསན། རབ་བྱུང་བཅོ་ལྔ་པའི་མེ་རྟ་ཕྱི་ལོ་ ༡༩༠༦ ལོར་སྐུ་གཤེགས། གསུང་རྩོམ་ནི་གྲུབ་མཐའ་ཆེན་མོའི་ས་བཅད་བསྡུས་དོན་དང་། འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་གི་ཟིན་བྲིས། དགེ་ལྡན་སྙན་བརྒྱུད་ཀྱི་ཟབ་ལམ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཚིག་འགྲེལ་ཁྲིད་ཡིག་ཉུང་བསྡུས། བསྟན་རིས་ཀྱི་རིམ་པ་མདོ་ཙམ་བཀོད་པ། རྒྱལ་དབང་བློ་བཟང་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་བཅས་ཆོས་ཚན་དྲུག་ཅུར་ཉེ་བ་བཞུགས། མཚན་གཞན། ངག་དབང་དགེ་འདུན་རྒྱ་མཚོ།

{{#arraymap:རྒྱ་མཁར་གྲུབ་དགེ་འདུན་འཇམ་དཔལ་གྲུབ་པའི་རྡོ་རྗེ་

|; |@@@ | | }}