76544

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་མཁར་དཀོན་མཆོག་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཤིང་སྟག་ཕྱི་ལོ་ ༡༧༩༤ ལོར་མདོ་སྨད་མཛོད་དགེ་རུ་སྟོད་མར་འཁྲུངས། དགུང་ལོ་བརྒྱད་པར་སྐུ་གོང་མའི་སྤྲུལ་སྐུར་ངོས་བཟུང་། རྒྱ་མཁར་དགོན་བཤད་སྒྲུབ་དར་རྒྱས་གླིང་གི་གདན་སར་བཀོད། མཛོད་དགེ་རི་ཁྲོད་དབང་པོ་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། དགེ་སློང་དཀོན་མཆོག་སེང་གེ་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་མཁས་པར་སྦྱངས། མཁར་མོ་ཆེ་བ་བློ་བཟང་ཡོན་ཏན་ལས་ཐ་སྙད་རིག་གནས་དང་། སྡོམ་གསུམ་གྱི་བསླབ་བྱ། ལམ་རིམ་བློ་སྦྱོང་བཅས་ལ་འབུངས། ཉེར་བཞི་པར་གུང་ཐང་འཇམ་པའི་དབྱངས་ལས་དབང་ཡོངས་རྫོགས་གསན། ཉེར་དྲུག་པར་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས། ཀླུ་འབུམ་པ་ངག་དབང་ཚུལ་ཁྲིམས་ལས་བརྩི་བཞག་དང་། རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་ལས་རྟེན་འབྲེལ་བསྟོད་པའི་ལུང་བཅས་གསན། གཙང་དུ་པཎ་ཆེན་བསྟན་པའི་ཉི་མ་ལས་ཆོས་འབྲེལ་ཞུས། སུམ་ཅུ་པར་བོད་སྐྱོང་ཚ་རྡོར་ནོ་མིན་ཧན་ནས་དགེ་ལྡན་བསྟན་པའི་གསལ་བྱེད་ནོམ་ཅི་མཁན་པོ་ཞེས་པའི་ཆོ་ལོ་དང་མཁན་ཆས་གནང་། རང་ཡུལ་དུ་བྱོན་ཏེ་བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན་སོགས་ལས་བཀའ་ཆོས་ཅི་རིགས་གསན། སོ་བརྒྱད་པར་རྒྱ་མཁར་དགོན་གྱི་གནས་སྤོས་ཏེ་འདུ་ཁང་སོགས་རྟེན་དང་བརྟེན་པ་བཞེངས། དྲུག་ཅུ་པ་རབ་བྱུང་བཅུ་བཞི་པའི་ཤིང་སྟག་ཕྱི་ལོ་ ༡༨༥༤ ལོར་སྐུ་གཤེགས། རྒྱ་མཁར་གོང་མའི་སྐུ་ཕྲེང་གསུམ་པ་ཡིན།

{{#arraymap:རྒྱ་མཁར་དཀོན་མཆོག་བསྟན་པའི་རྒྱལ་མཚན་

|; |@@@ | | }}