77103

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་བསྟན་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ནི། ཤིང་ཕག་ལོའི་བོད་ཟླ་ ༥ ཚེས་ ༥ ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་མདོ་སྨད་སྐུ་འབུམ་ཉེ་འཁོར་སྟག་འཚེར་ཞེས་པའི་གྲོང་དུ་ཡབ་ཆོས་སྐྱོང་ཚེ་རིང་དང༌། ཡུམ་བསོད་ནམས་མཚོ་མོའམ་བདེ་སྐྱིད་ཚེ་རིང༌གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་ཐོག་མའི་མཚན་ལ་ལྷ་མོ་དོན་གྲུབ་ཅེས་གསོལ། ལྷ་མོའི་བླ་མཚོའི་གཟིགས་སྣང་དང༌། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་གཙོས་པའི་ཡང་སྲིད་འཚོལ་མིས་བོད་ལྗོངས་ལྷ་བླར་ལུང་བརྟག་ཞུས་འབྲས་ཁག་དང༌། ྋགོང་ས་མཆོག་གི་མཛད་སྤྱོད་དང༌། སྐུའི་ཉེར་ཆས་དང་སྔོན་གྱི་སྐུ་འཁོར་ངོས་འཛིན་མཛད་པ་སོགས་ྋརྒྱལ་མཆོག་གོང་མའི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་བྱུང་བ་ལྟར་ངོས་འཛིན་ཞུས་ཏེ་རྒྱལ་ས་ལྷ་སར་གདན་དྲངས། ཕྱི་ལོ་ ༡༩༣༩ ལོའི་བོད་ཟླ་ ༡༠ ཚེས་ ༡༣ ཉིན་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས་ཏེ། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་ཞེས་མཚན་གསོལ་ཅིང༌། ལྕགས་འབྲུག་ཕྱི་ལོ་ ༡༩༤༠ བོད་ཟླ་ ༡ ཚེས་༡༤ ཉིན་ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ་ཞུས། དགུང་ལོ་དྲུག་ནས་དབུ་བཙུགས་ཏེ་བཅུ་ཕྲག་རིག་གནས་སྤྱི་དང་ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་སློབ་གཉེར་གནང་སྟེ་གདན་ས་སེ་འབྲས་དགའ་གསུམ་ལ་གྲྭ་སྐོར་མཛད་པ་མ་ཟད། དགུང་ལོ་ ༢༥ ཐོག་ལྷ་ལྡན་སྨོན་ལམ་ཆེན་མོར་མཁས་པ་སྟོང་ཕྲག་འཛོམས་པའི་མདུན་སར་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་གནང་མཛད། དེ་བཞིན་སྐུ་ན་གཞོན་དུས་ནས་འཛམ་གླིང་གི་གནས་ཚུལ་སྤྱི་དང༌། བྱེ་བྲག་ཚན་རིག་སོགས་ལ་ཐུགས་སྣང་ཆེན་པོ་མཛད། ལྕགས་སྟག་ཕྱི་ལོ་ ༡༩༥༠ ལོའི་བོད་ཟླ་ ༡༡ ཚེས་ ༡༧ ཉིན་བོད་ལྗོངས་ལྷ་མི་ཡོངས་ཀྱིས་གསོལ་འདེབས་ནན་ཞུས་ལྟར་དགུང་གྲངས་ ༡༦ ལས་མ་སོན་ཀྱང་ལུགས་གཉིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་བཞེས།
Synonyms ལྷ་མོ་དོན་གྲུབ། རྒྱལ་དབང་བསྟན་འཛིན་རྒྱ་མཚོ། བསྟན་འཛིན་རྒྱ་མཚོ། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ། རྒྱལ་བ་རིན་པོ་ཆེ། ཕྱག་ན་པདྨོ། ༸གོང་ས་མཆོག ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ། ཏཱ་ལའི་བླ་མ་བཅུ་བཞི་པ། སྐུ་མདུན།

{{#arraymap:རྒྱལ་བ་བསྟན་འཛིན་རྒྱ་མཚོ་

|; |@@@ | | }}