77185

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ཕྱི་ལོ་ ༡༧༦༢ ལོར་མདོ་སྨད་ལྷོ་རྒྱུད་འབོ་རའི་རྒྱ་སྒར་ཐང་དུ་ཡབ་ཡུམ་སྐྱབས་དང་། ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་མང་ངེ་དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལས་ཡི་གེའི་འབྲི་ཀློག་དང་འདོན་ཆོས་སྦྱངས། བཅུ་གཅིག་པར་སེ་ར་དགེ་བཤེས་བློ་བཟང་ཆོས་འཕེལ་ལས་རབ་ཏུ་བྱུང་། མཚན་བློ་བཟང་དོན་གྲུབ་ཅེས་གསོལ། བཅུ་གཉིས་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བསྡུས་གྲྭ། བློ་རྟགས་རང་ལུགས། གྲུབ་མཐའ་རིན་ཆེན་ཕྲེང་བ་སོགས་ཚོགས་རྒྱུགས་ཕུལ། བཅུ་དྲུག་པར་དཔོན་སློབ་བསོད་ནམས་གྲགས་པ་ལས་དགེ་ཚུལ་བསྒྲུབས། ཀུན་མཁྱེན་འཇིགས་མེད་དབང་པོས་སྒོ་མང་བླ་མ་སངས་རྒྱས་རྡོ་རྗེའི་ཡང་སྲིད་དུ་ངོས་བཟུང་། བླ་བྲང་ནང་དུ་སྤྲུལ་སྐུའི་གདན་ཁྲིར་བཀོད། ཉེར་གཅིག་པར་ཀུན་མཁྱེན་ལས་བསྙེན་པར་རྫོགས། མཚན་གྲགས་པ་རྒྱལ་མཚན་ཞེས་སྩལ། ཉེར་གཉིས་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས། ཧོར་སྐལ་བཟང་དངོས་གྲུབ་དང་གུང་ཐང་བསྟན་པའི་སྒྲོན་མེ་དགེ་རྒན་དུ་བསྟེན། སྒོ་མང་གི་ཚོགས་དབུས་སུ་གཞུང་བཀའ་པོད་ལྔའི་དམ་བཅའ་བཞག ཉེར་ལྔ་པར་ཆོས་འཁོར་རྒྱལ་གྱི་མཁན་པོ་གནང། དགེ་བཤེས་ལྷ་རམས་པའི་མཚན་རྟགས་ཨང་དང་པོ་བཞེས། ཉེར་དགུ་བར་མདོ་སྨད་དུ་ཕེབས་ཏེ་བླ་བྲང་མཁན་པོ་མཛད། དགོན་པར་རྟེན་གསར་བཞེངས་མཛད། བཞི་བཅུ་པར་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་བར་མངའ་གསོལ། དབལ་ཤུལ་དུ་གསེར་ལུང་དུ་སྒྲུབ་སྡེ་བཙུགས། དོན་དྲུག་པ་རབ་བྱུང་བཅུ་བཞི་པའི་མེ་བྱ་ཕྱི་ལོ་ ༡༨༣༧ ལོར་སྐུ་གཤེགས། སློབ་མ་ནི་ཁྲི་ཆེན་ངག་དབང་ཆོས་འཕེལ། རྡོ་ཁྲི་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཉི་མ། ལྕང་ལུང་པཎྜི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། ཐེག་ཆེན་སྨྱུང་གནས་པ། ཆ་ཧར་བཀའ་འགྱུར་བ་སོགས་མང་། གསུང་རྩོམ་ནི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། མདོ་སྡེ་རྒྱན་གྱི་མཆན་འགྲེལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཊཱི་ཀྐ་རིན་པོ་ཆེའི་ཕྲེང་བ། བསྟོད་ཚོགས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ། དགེ་བ་རྫོགས་བྱང་དུ་བསྔོ་བའི་སྨོན་ཚིག དྲན་པ་ཤེས་རབ་བཀྲ་ཤིས་ཀྱི་རྣམ་ཐར་དུ་མུ་ཐི་ལིའི་ཕྲེང་བ། སྤྱོད་འཇུག། ལམ་གཙོ། འདུལ་བ་རྒྱ་མཚོའི་སྙིང་པོ། རྒྱལ་སྲས་ལག་ལེན། གུང་ཐང་རིན་པོ་ཆེའི་ལྟ་མགུར་སོགས་ཀྱི་ཊཱི་ཀྐ། འཇིགས་བྱེད་བསྐྱེད་རིམ་སོགས་པོད་དྲུག་བཞུགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཉེར་གསུམ་པ་ཡིན། མཚན་གཞན། བློ་བཟང་དོན་གྲུབ།

{{#arraymap:རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་

|; |@@@ | | }}