77277

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་སྲས་ཆེ་ཨོ་རྒྱན་བསྟན་འཕེལ་ (1)
Part of speech མིང་ཚིག
Definition ཁོང་ནི་རིག་འཛིན་བསོད་ནམས་ལྡེའུ་བཙན་གྱི་གསང་ཡུམ་ཟུར་པ་ཞིག་ལས་སྐུ་འཁྲུངས། དྲུང་པ་ནམ་མཁའ་རྒྱ་མཚོ་དང༌། སྟག་བླ་ཀུན་བཟང་རྣམ་རྒྱལ། སྦྲ་མགོ་བ་བརྩོན་འགྲུས་རྒྱ་མཚོ་སོགས་ལས་ཀཿཐོག་སྔ་རབས་ཀྱི་བཀའ་གཏེར་སྤྱི་དང་ཁྱད་པར་ཀློང་གསལ་རྡོ་རྗེ་སྙིང་པོའི་དབང་ཁྲིད་རྫོགས་པར་གསན། བུ་རོང་བཞག་གསུམ་དང་ཁྱད་པར་སྨར་ཁམས་ནས་རོང་བཙན་ཁ་བ་དཀར་པོ་ཡན་ཆོད་ཕེབས་ནས་སྔར་གྱི་དགོན་རྙིང་ཉམས་རྒུད་དུ་སོང་བ་ཐམས་ཅད་ཞིག་གསོ་དང༌། འཇང་གི་གཡུ་འབྲུག་དགོན་དང༌། སྨར་ཁམས་རྒྱལ་སྲས་དགོན་སོགས་གསར་དུ་བཏབ་ནས་ཀློང་གསལ་རྡོ་རྗེ་སྙིང་པོ་གཙོ་བོར་གྱུར་པའི་སྔ་འགྱུར་རྡོ་རྗེ་ཐེག་པའི་སྨིན་གྲོལ་འཆད་སྤེལ་དང་བསྟན་བཅོས་གསར་རྩོམ་བཅས་མང་དུ་མཛད་དེ་ཕྲིན་ལས་མཐར་ཕྱིན་རྗེས་དགོངས་པ་ཡོངས་སུ་རྫོགས། ཁོང་གི་དེ་མ་ཐག་པའ་སྐུ་སྐྱེ་རྫ་ཡུལ་དུ་འཁྲུངས་པ་བརྟན་པ་མི་འགྱུར་མཆོག་གྲུབ། དེའི་སྤྲུལ་སྐུ་ཕག་ཞལ་དུ་འཁྲུངས་པ་སྨིན་གྲོལ་ཕྲིན་ལས་རབ་འཕེལ། དེའི་སྤྲུལ་སྐུ་གཙང་རོང་དུ་འཁྲུངས་པ་དཔལ་ལྡན་ཞི་བའི་བློ་གྲོས། དེའི་སྤྲུལ་སྐུ་རྫོགས་ཆེན་དུ་འཁྲུངས་པ་ཀུན་དགའ་བློ་གྲོས་རྒྱལ་མཚན་རྣམས་རིམ་པར་བྱོན་ཏེ་རྒྱལ་སྲས་དགོན་དུ་བཞུགས། ཁོང་རྣམས་ཀྱིས་སློབ་བརྒྱུད་དང་བཅས་པས་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱིས་འཛིན་སྐྱོང་སྤེལ་བའི་སྒོ་ནས། མདོ་སྨད་ལྷོ་རྒྱུད་ཀྱི་ཐ་གྲུ་ཀུན་ཏུ་ཀཿཐོག་པའི་རང་ལུགས་དྲི་མ་མེད་པས་ཁྱད་པར་མཛད་དོ། །

{{#arraymap:རྒྱལ་སྲས་ཆེ་ཨོ་རྒྱན་བསྟན་འཕེལ་

|; |@@@ | | }}