77283

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ཆུ་ཕག་ཕྱི་ལོ་༡༧༤༣ ལོར་འཁྲུངས། པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ལས་སུམ་རྟགས་དག་གསུམ་དང་། སྒྲ་སྙན་ངག། མངོན་བརྗོད་སྡེབ་སྦྱོར། རྩིས་དཀར་ནག་བཅས་ཐུན་མོང་རིག་གནས་ཀྱི་སྐོར་དང་། ནང་རིག་གཞུང་བཀའ་པོད་ལྔ་གཙོས་པའི་མདོ་ལུགས་དང་། རྒྱུད་སྡེ་བཞི་གཙོས་པའི་སྔགས་ལུགས་བཅས་ལ་མཁས་པར་སྦྱངས། གསང་སྔགས་ལ་ཤིན་ཏུ་མཁས་པར་གྱུར། གསུང་རྩོམ་ནི་དབང་བསྐུར་རྗེས་གནང་དང་། དཀྱིལ་འཁོར་སྒྲུབ་ཐབས། ཁྲིད་ཡིག རྩིས་ཀྱི་བསྟན་བཅོས། རབ་གནས། འཁྲུངས་རབས་གསོལ་འདེབས། བླ་མའི་རྣལ་འབྱོར། སྙན་ངག་གི་དཔེར་བརྗོད་སོགས་པོ་ཏི་གསུམ་བཞུགས། མཚན་གཞན། འཇིགས་མེད་རྒྱ་མཚོ། ཡོངས་འཛིན་ནོ་མིན་ཧན།

{{#arraymap:རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་

|; |@@@ | | }}