77718

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུད་ནེ་རྒན་པ་བློ་བཟང་ཆོས་དབྱིངས་ (1)
Part of speech མིང་ཚིག
Definition རོང་བོའི་རྩ་བ་ཡིན། འཁྲུངས་པའི་ལོ་ཚིགས་མི་གསལ། དབུས་ཀྱི་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད། རྒྱལ་དབང་ལྔ་བ་ལས་བསྙེན་པར་རྫོགས། རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་ཕྱི་ལོ་ ༡༦༩༤ ལོར་བྱ་ཁྱུང་གི་གདན་ཁྲིར་བཞུགས། གདན་ས་ལོ་གཉིས་རིང་བསྐྱངས། བླ་བྲང་ཁང་དཀར་བཞུགས་ཁྲི་དང་བཅས་པ་གསར་བཞེངས་མཛད། ཁྲི་ཟུར་རྗེས་སྟག་སྡོང་དཀར་པོའི་རི་ཁྲོད་གསར་བསྐྲུན་དང་། གཙུག་ལག་ཁང་རྟེན་བརྟེན་པ་བཞེངས། སྒོམ་སྒྲུབ་ཉམས་ལེན་མཛད། འདས་ལོ་མི་གསལ། སློབ་མ་གྲགས་ཆེ་བ་ནི་ཁྱ་དགེ་དཔོན་སློབ་དང་སྟག་ཚང་དཔོན་སློབ་བཅས་ཡིན། གསུང་རྩོམ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་ཐར་དང་། མི་རྟག་པ་དང་ལས་འབྲས་སྐོར་གྱི་མགུར་དབྱངས་མང་པོ། ལྟ་བའི་སྐྱོང་ཚུལ། དམ་ཅན་གསོལ་ཁ། གཞི་བདག་དམར་བའི་བསང་མཆོད་སོགས་པོད་གཅིག་བཞུགས། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ཉེར་ལྔ་པ་ཡིན། མཚན་གཞན། སྟག་སྡོང་དཀར་པོ།

{{#arraymap:རྒྱུད་ནེ་རྒན་པ་བློ་བཟང་ཆོས་དབྱིངས་

|; |@@@ | | }}