78015

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔ་རྒོད་ནམ་མཁའ་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་ཕྱི་ལོ་ ༡༧༡༢ ལོར་མདོ་སྨད་རྔོག་རྒྱལ་མོ་དགོན་ཕྱོགས་གསེར་པོ་མདོ་ཞེས་པའི་སྡེ་གྲོང་དུ་ཡབ་མགོན་པོ་ཚེ་རིང་དང་། ཡུམ་བན་དེ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་ཆོས་འཁོར་ཞབས་དྲུང་རིན་པོ་ཆེས་རྔ་རྒོད་བླ་མ་དཀའ་བཅུ་རྡོ་རྗེ་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་བཟུང་། འདུལ་འཛིན་ཆེན་པོ་ཏཱ་དབོན་སྤྲུལ་སྐུ་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། སྨན་རྩིས་དང་། སྒྲ། སྡེབ་སྦྱོར། སྙན་ངག་ཐིག་ཚད་བཅས་ལ་ལེགས་པར་སྦྱངས། བཅུ་དགུ་པར་ཏཱ་དབོན་པ་ལས་བསྙེན་པར་རྫོགས། དབུས་སུ་ཕེབས་པའི་ལམ་བར་ནག་ཆུར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་མཇལ། གཙང་དུ་པཎ་ཆེན་བློ་བཟང་ཡེ་ཤེས་དང་མཇལ། མདོ་སྨད་དུ་ཕེབས། སོ་གཅིག་པར་གྱི་ལིང་རི་ཁྲོད་དུ་སྒོམ་སྒྲུབ་ཉམས་ལེན་མཛད། བསེ་མཁར་སྒང་ལ་སྒྲུབ་ཁང་བཙུགས། ཨ་མཆོག་དགོན་སྡེ་ཕྱག་བཏབ་ནས་བཤད་གྲྭ་དང་སྒྲུབ་གྲྭ་བཙུགས། རྟེན་མང་པོ་གསར་བཞེངས་དང་། སྟག་ཚང་དགོན་དང་། ཁྱ་དགེ་དགོན། དགོན་ལུང་དགོན། རྐང་ཚ་དགོན་སོགས་མདོ་སྨད་ཀྱི་དགོན་གནས་ཕལ་ཆེར་ལ་ཕེབས། རབ་བྱུང་གསུམ་པའི་ལྕགས་བྱི་ཕྱི་ལོ་ ༡༧༨༠ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཙ་ཡུས་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དང་། ཨ་ཁྱུང་ངག་དབང་མཁྱེན་རབ། ཞབས་དྲུང་སྤྲུལ་སྐུ། ཨ་སྐྱིད་སྟོབས་ལྡན། ཚ་ཁོ་རི་ཁྲོད་པ་བཅས་ཡིན། གསུང་རྩོམ་ནི་འདུལ་བའི་བསླབ་བྱ་ཉུང་བསྡུས་བློ་གསལ་དགའ་སྟོན་སོགས་ནང་དོན་རིག་པའི་སྐོར་ལ་ཆོས་ཚན་བདུན་ཅུ་ལྷག་དང་། སུམ་རྟགས། སྙན་ངག། རྩིས་རིག གསོ་རིག བཟོ་རིག་པ་སོགས་ཐུན་མོང་རིག་གནས་སྐོར་ལ་ལེ་ཚན་བཅུ་ལྷག་བཞུགས།

{{#arraymap:རྔ་རྒོད་ནམ་མཁའ་སེང་གེ་

|; |@@@ | | }}