78118

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔོག་རིན་ཆེན་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ཆུ་ཡོས་ཕྱི་ལོ་ ༡༢༤༣ ལོར་སྤྲེའུ་ཞིང་དུ་ཡབ་རྒྱལ་པོ་དགའ་བའི་སྲས་སུ་འཁྲུངས། ཆུང་དུས་ནས་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། ཁུ་བོ་གཟི་བརྗིད་གྲགས་པ་ལས་ཕ་ཆོས་རྣམས་རྫོགས་པར་ཞུས། དགུང་ལོ་བཅུ་པར་ཆོས་བཤད་མཛད། བཅོ་བརྒྱད་པར་མཁན་པོ་ཟུལ་ཕུ་བ་ཆོས་གྲགས་དཔལ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། སོ་གསུམ་པར་ཟུལ་ཕུ་བ་ཆོས་གྲགས་དཔལ་མཁན་པོ་དང་། འོད་ཟེར་དཔལ་ལས་སློབ། ཡེ་ཤེས་དཔལ་གསང་སྟོན་མཛད་དེ་བསྙེན་པར་རྫོགས། སློབ་དཔོན་རྡོ་རྗེ་རིན་ཆེན་དང་། སློབ་དཔོན་ཡེ་ཤེས་དཔལ། སློབ་དཔོན་བཟང་མོ་བ་འཕྱོང་པོ་བ། སློབ་དཔོན་རིན་ཆེན་གཞོན་ནུ་རྣམས་ལས་ཕྱི་ནང་ཐུན་མོང་དང་། ཐུན་མིན་གྱི་རིག་པའི་གནས་རྣམས་ལ་མཁས་པར་སྦྱངས། ཉེར་བདུན་པར་སྤྲེའུ་ཞིང་གི་གདན་ས་པ་གནང་། སོ་གཉིས་པར་ཁམས་སུ་བྱོན་ནས་ཆོས་འཁོར་བསྐོར། ལོ་གཉིས་རྗེས་གདན་སར་ཕེབས། འཚལ་པའི་ཡང་དགོན་སྒོམ་སྡེ་དང་དཔོན་བརྒྱུད་ཀྱི་བླ་མར་གྱུར། གསེར་གྱི་བཀའ་འགྱུར་བཞེངས། ལྷ་ཁང་དང་གདན་ས་རྒྱ་ཆེར་བསྐྱེད། རབ་བྱུང་ལྔ་པའི་ས་ལུག་ཕྱི་ལོ་ ༡༣༡༩ ལོར་སྐུ་གཤེགས།

{{#arraymap:རྔོག་རིན་ཆེན་བཟང་པོ་

|; |@@@ | | }}