78131

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔོག་སྲས་བྱང་ཆུབ་དཔལ་ (1)
Part of speech མིང་ཚིག
Definition ཡབ་དོན་འགྲུབ་དཔལ་དང་། ཡུམ་དཀར་ཁྲོམ་གྱི་སྲས་གཅིག་པུར། རབ་བྱུང་བཅུ་དྲུག་པའི་ ༡༣༦༠ ལོར་འཁྲུངས། རྗེ་མར་པས་རྔོག་གི་བརྒྱུད་པ་བདུན་ཚུན་རྡོ་རྗེ་དྲིལ་བུ་འཛིན་ཤེས་པས་ཆོག ཁོ་བོ་རང་གིས་བྱིན་གྱིས་རློབ་པ་ཡིན་གསུངས་པའི། བདུན་ཚིགས་ནི་འདི་ཡིན་པར་བཤད། སུམ་ཅུ་རྩ་དགུའི་བར་དུ་ཡབ་ཀྱི་ཉེ་གནས་དང་སློབ་གཉེར་སྦྲགས་པས་རྔོག་ཆོས་ལ་མཁས་པ་ཆེན་པོར་གྱུར། དུས་ཆོས་མ་ཆག་པར་གསུངས། བདག་པོ་དྲུང་ཆེན་པའི་བཀའ་བཀྱོན་བྱུང་བས་ཞུར་བྱོན་པ་ལ། རྗེ་ཙོང་ཁ་པ་དང་ལམ་དུ་མཇལ། ཆོས་ཞིབ་ཏུ་དྲིར་བྱུང་བ་ལ་ལན་འདེབས་མཛད་པས་མཁྱེན་རབ་ཆེ་བའི་བསྔགས་པ་བརྗོད། དེ་ཉིད་ཀྱི་སློབ་མ་འབྲས་སྤུངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་དང་། མཁན་ཆེན་པདྨ་བཟང་པོ། གཙང་ཆུང་ཆོས་ཀྱི་གྲགས་པ་པ་གཏུགས་བཅུག། དེས་འུར་ལངས། སྟག་ལུང་ངག་དབང་གྲགས་པ། ཆེ་ས་སངས་རྒྱས་རྒྱལ་མཚན། བདག་པོ་གྲགས་པ་འབྱུང་གནས། བྱམས་གླིང་པ་ཆེན་པོ་བསོད་ནམས་རྣམ་རྒྱལ། འགོས་གཞོན་ནུ་དཔལ། ཁྲུས་ཁང་ལོ་ཙཱ་བ་སོགས་མང་པོས་ཞབས་ལ་གཏུགས། ལྷག་པར་འབྲུག་པ་རྒྱལ་དབང་ཆོས་རྗེ། ཟླུམ་ཁྱུད་པ་དང་སྣ་ར་བ་སོགས་རྩ་བའི་གྲྭ་པ་བཟང་ལ་མང་བ་ཐོན། སྐུ་གཤེགས་ཁར་འབྲུག་རྒྱལ་དབང་ཆོས་རྗེ་གཞུང་སྤྲེ་ཞིང་དུ་བྱོན་ནས་མཇལ་བས། ངེད་ཀྱིས་ད་བར་སྒུག་སྡོད་བྱས་པ་ཡིན། ད་ཆོས་བདག་པོའི་ལག་ཏུ་འཕྲོད་པ་ཡིན་གསུངས་ནས། རྔོག་ལུགས་ཀྱི་དབང་རྒྱུད་མན་ངག་དང་བཅས་པ་གནང་། ཕྱིས་ཞལ་ཆེམས་བཞིན་རྔོག་རིན་ཆེན་བདུན་རྒྱུད་ཀྱི་དབང་བུམ་ཡང་རྗེ་འབྲུག་པར་ཕུལ། དགུང་ལོ་གྱ་བདུན་པ་མེ་སྟག་(༡༤༤༦)ལོར་གཤེགས་སོ། །ཕྱག་དཔེ་བརྟག་གཉིས་ཀྱི་གཞུང་རྡོ་རྗེ་མར་གྲགས་པ་གཅིག་ལ་ཆོས་ཚར་རེ་ལ་མཚན་མ་རེ་བཏབ་པའི་གྲངས་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཡོད་པར་གསུངས་སོ། །དེ་ལྟ་བུ་ཆོས་སྐུ་རྡོ་རྗེ་རྗེས་འབྲང་དང་བཅས་པས་བཤད་པ་མཛད་པ་ལས་རྒྱ་ཤིན་ཏུ་ཆེ་བར་འཕེལ་ཞིང་། བརྒྱུད་པ་སྔ་ཕྱི་རྣམས་ཀྱིིས་བརྩམས་པའི་རྒྱུད་འགྲེལ་གྱིས་ཀྱང་ལུང་པ་ཐམས་ཅད་གང་ངོ་། །

{{#arraymap:རྔོག་སྲས་བྱང་ཆུབ་དཔལ་

|; |@@@ | | }}