78171

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་དྲུང་གྲགས་པ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition སྟག་ལུང་མར་ཐང་རི་བོ་ཆེའི་ཁྲི་རབས་བཅོ་བརྒྱད་པ། སྒོམ་སྡེའི་ནང་ཆེན་སྒར་དུ་ཡབ་ནང་ཆེན་རྒྱལ་རྒན་ཀུན་དགའ་དཔལ་ལྡན་དང་ཡུམ་རག་ཟླ་བཟའ་བདེ་ཆེན་དཔལ་སྒྲོན་གཉིས་ཀྱི་སྲས་རབ་བྱུང་བཅུ་བཞི་པའི་ལྕགས་ཡོས་ཕྱི་ལོ་༡༨༣༡ལོར་སྐུ་འཁྲུངས་ཤིང་། བུམ་དཀྲུགས་བརྒྱུད་རྗེ་དྲུང་གི་ཡང་སྲིད་དུ་ངོས་འཛིན་གྱིས་རི་ཆེར་གདན་དྲངས། སྟག་ལུང་པའི་གདན་རབས་ཉེར་བརྒྱད་པ་བསྟན་པའི་ཉི་མ་ལས་རང་ལུགས་ཀྱི་ཟབ་ཆོས་ཀུན་གསན། གཏེར་སྟོན་མཆོག་གྱུར་གླིང་པའི་དྲུང་ནས་གཏེར་ཆོས་གསན་ཅིང་ཀརྨ་མ་གསང་སྔགས་ཕོ་བྲང་བཏབ་ནས་ཕུལ། རྩེ་ཀེར་གཏེར་སྟོན་དགོན་དང་། ཤོག་ལྔ་གནས་བརྟན་དགོན་གཉིས་བཞེངས་ནས་ཕྱིས་ཞབས་དྲུང་བླ་བྲང་ཁོངས་སུ་བསྡུས་ཏེ། མཆོག་གླིང་སྤྲུལ་སྐུ་གཉིས་ཀྱི་གདན་ས་བྱས། ཡབ་གཞིས་དང་ས་ཆའི་མངའ་རིས་ཐད་ཁ་མཆུ་བྱུང་ནས་ལྷ་སར་གཞུང་གཏུག་ཕེབས་པར་ལམ་བར་དུ་འབྲི་གུང་ཕོ་བ་རྫ་འགག་ཏུ་སྐུ་གཤེགས། མཚན་གཞན། རིན་ཆེན་འོད་འབར་ཡང་འབོད །

{{#arraymap:རྗེ་དྲུང་གྲགས་པ་རྒྱ་མཚོ་

|; |@@@ | | }}