78226

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་བཙུན་ཤེས་རབ་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཆུ་ཁྱི་ཕྱི་ལོ་ ༡༣༨༢ ལོར་གཙང་སྟོད་སྲད་ཀྱི་གུར་མའི་ཡུལ་དུ་ཡབ་དམ་པ་དམར་པོ་དང་། ཡུམ་ཆོས་སྐུ་བཀྲ་ཤིས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་བཞི་པར་སྣར་ཐང་དུ་མཁན་ཆེན་གྲུབ་པ་ཤེས་རབ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་ཤེས་རབ་སེང་གེ་ཞེས་གསོལ། མཁས་ཆེན་གཡག་ཕྲུག་པ་ལས་བྱམས་ཆོས་དང་། དབུ་མ་རིགས་ཚོགས་དྲུག འཇུག་པ་རྩ་འགྲེལ། སྤྱོད་འཇུག ཚད་མ་མདོ། ཚད་མ་སྡེ་བདུན་བཅས་ལ་མཁས་པར་སྦྱངས། ཉི་ཤུ་པར་སྣར་ཐང་དུ་མཁན་ཆེན་གྲུབ་པ་ཤེས་རབ་ལས་བསྙེན་པར་རྫོགས། དབུས་སུ་རྗེ་ཙོང་ཁ་པ་ལས་དཔལ་གསང་བ་འདུས་པའི་རྩ་བཤད་འགྲེལ་པ་ཆ་ལག་དང་བཅས་པ་གསན། སྐྱོར་ལུང་མཁན་པོ་བསམ་གཏན་དོན་གྲུབ་ལས་འདུལ་བ་དང་མངོན་པར་གསན་སྦྱོང་མཛད། སེ་ར་ཆོས་སྡིངས་སུ་རྗེ་ཙོང་ཁ་པས་གསང་བ་འདུས་པའི་གསེར་སྐུ། འགྲེལ་བ་བཞི་སྦྲགས་ཀྱི་གླེགས་བམ། ཆོས་རྒྱལ་གྱི་ཞལ་འབག་འཆམ་གོས། ཐོད་དབྱུག་དང་ཞགས་པ་བཅས་གནང་། གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ། སྲད་ཀྱི་ལུང་པའི་ཕུག་ཏུ་སྲད་དགའ་ལྡན་ཕོ་བྲང་ཞེས་རྒྱུད་ཀྱི་འཆད་ཉན་མཛད་པའི་ཆོས་སྡེ་ཞིག་བཙུགས། འདུལ་ནག་པ་དཔལ་ལྡན་བཟང་པོ་འཆད་ཉན་པར་བསྐོས་པས་གཙང་སྟོད་རྒྱུད་དུ་གྲགས། སྟོད་ལུང་དུ་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པའི་རྒྱུད་འགྲེལ་དང་། བསྐྱེད་རྫོགས་ཀྱི་འཆད་ཉན་རྒྱ་ཆེར་མཛད། ཕྱི་ལོ་ ༡༤༣༣ ལོར་གནས་དེར་རྒྱུད་ཀྱི་བཤད་གྲྭ་བཙུགས་ཏེ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གྲགས། དབྱར་དང་སོས་ཀར་རྒྱུད་འགྲེལ་གྱི་བཤད་པ། སྟོན་དུས་རིམ་ལྔའི་དམར་ཁྲིད་སོགས་ཁྲིད་ཆེན་དྲུག་གི་འཆད་ཉན་མཛད་པའི་སྲོལ་བཙུགས། དབུས་གཙང་གཉིས་སུ་རྒྱུད་ཀྱི་འཆད་ཉན་མཛད་པའི་བཤད་གྲྭ་གསར་འཛུགས་གནང་བས་གསང་ཆེན་རྒྱུད་ཀྱི་རྒྱལ་པོའི་ལམ་གྱི་རྣམ་གཞག་དང་། རྗེ་ཙོང་ཁ་པའི་བཞེད་སྲོལ་ཐུན་མོང་མ་ཡིན་པའི་རྒྱུན་རྒྱ་ཆེར་སྤེལ་ཏེ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དར་རྒྱས་མཛད། རབ་བྱུང་བདུན་པའི་ཤིང་གླང་ཕྱི་ལོ་ ༡༤༤༥ ལོར་དགའ་ལྡན་རྒྱུད་ཁང་དུ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རྗེ་དགེ་འདུན་གྲུབ་དང་། པཎ་ཆེན་བཟང་པོ་བཀྲ་ཤིས། ཀུན་མཁྱེན་འཕགས་པ་འོད། རྒྱུད་ཆེན་སྦྱིན་པ་དཔལ་བ། འདུལ་ནག་པ་དཔལ་ལྡན་བཟང་པོ་བཅས་ཡིན།

{{#arraymap:རྗེ་བཙུན་ཤེས་རབ་སེང་གེ་

|; |@@@ | | }}