78238

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་གསུམ་པ་པད་དཀར་ལྷུན་གྲུབ་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་དཀར་སྤེ་བསེ་ལུང་བྲག་གོང་དུ། རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ ༡༦༤༠ ལོར་འཁྲུངས། དགུང་གྲངས་བཅུ་གཅིག་ལ་སྐྱབས་མགོན་ཞབས་དྲུང་ལ་གཏུགས་ཏེ་འདུས་སྡེར་ཞུགས། མཁན་ཆེན་པད་དཀར་འབྱུང་གནས་ལ་ཚིགས་གསུམ་རིམ་པར་མནོས། མཁན་བསོད་ནམས་འོད་ཟེར། ཁྲི་ཆེན་བསྟན་འཛིན་རིན་པོ་ཆེ། གཙང་མཁན་དཔལ་ལྡན་རྒྱ་མཚོ། སྒང་སྤྲུལ་བསྟན་འཛིན་ལེགས་དོན། སྒྲུབ་ཆེན་ཟླ་བ་སེངྒེ་སོགས་མཁས་གྲུབ་དུ་མ་བསྟེན་ནས། མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་མཐར་ཕྱིན་མཛད། ཁྱད་པར་རིགས་བདག་གྲུབ་ཐོབ་སྦྱིན་པ་རྒྱལ་མཚན་ལས་མཐར་ཐུག་སྙིང་པོའི་སྨར་ཁྲིད་ཞུས་ཏེ། ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། དེ་ནས་སྟག་ཚང་དུ་གདུལ་བྱ་བསྐྱངས། དགུང་གྲངས་ལྔ་བཅུ་ལ་མཁན་ཁྲིར་བྱོན། ལོ་ངོ་བརྒྱད་ཀྱི་བར་དུ་བཤད་སྒྲུབ་ཀྱི་བསྟན་པ་དབྱར་མཚོ་ལྟར་སྤེལ་བར་མཛད། ང་བདུན་པར་ཁྲི་ལས་གཞོལ་ནས། སྤུས་མོ་བདེ་ཆེན་ཆོས་འཁོར་དུ་ཕེབས། དེར་ངག་དབང་ཆོས་རྒྱལ་གྱི་གདན་ས་ཉམས་གསོ་མཛད། མཁན་ངག་དབང་ཕྲིན་ལས་དང༌། རང་གི་གདན་ས་པ་བསྟན་འཛིན་དོན་གྲུབ་སོགས་སྐལ་ལྡན་མང་པོ་རྗེས་སུ་བཟུང༌། ཚེ་དང་སྒྲུབ་པ་མཉམ་པར་མཛད་དེ། དགུང་ལོ་དྲུག་ཅུ་པ་ས་ཡོས་ ༡༦༩༩ ལོར་ཐར་པ་ཆེན་པོའི་གྲོང་དུ་གཤེགས་སོ། །

{{#arraymap:རྗེ་མཁན་ཁྲི་གསུམ་པ་པད་དཀར་ལྷུན་གྲུབ་

|; |@@@ | | }}