78251

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་ཉེར་ལྔ་པ་ཤེས་རབ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་སྤ་གྲོ་གཟར་ཆེན་ཆོས་རྗེའི་གདུང་རབས་སུ། རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་ ༡༧༧༢ ལོར་འཁྲུངས། དགུང་གྲངས་བཅོ་ལྔ་ལ་གཞུང་སྡེར་ཞུགས། བཀའ་དྲིན་སུམ་ལྡན་ཤེས་རབ་སེང་གེ་དང༌། འཇམ་དབྱངས་རྒྱལ་མཚན་རྣམ་གཉིས་ཀྱི་ཞལ་སྔ་ནས་ཚིགས་གསུམ་རིམ་པར་ཞུས། གཞུང་རིག་གནས་དང་སྨིན་གྲོལ་གདམས་པ་རྣམས་ལ་གསན་སྒོམ་ཕུ་ཐག་ཆོད་པར་མཛད་དེ། མཁས་གྲུབ་གཉིས་ལྡན་དུ་གྱུར། སྤ་གྲོ་སྒོ་རི་ན་ཀུན་སྣང་འོད་གསལ་གྱི་གདན་ས་བཏབ་སྟེ་སྐལ་ལྡན་དུ་མ་རྗེས་སུ་བཟུང་ནས་སྒྲུབ་བརྒྱུད་བསྟན་པ་སྐྱོང་བཞིན་པར། དགུང་གྲངས་རེ་ལྔ་ལ་མཁན་ཁྲིར་ཕེབས། ལོ་གསུམ་གྱི་བར་དུ་ཆོས་འཁོར་བསྐོར་བས། ཕྱིས་བརྒྱུད་འཛིན་མཁན་རབས་མང་དུ་ཐོན། རེ་བརྒྱད་པར་རང་གནས་སྒོ་རིའི་གདན་སར་བྱོན། སྐྱེར་ཆུ་ལ་སོགས་པ་སྤ་གྲོའི་གཙུག་ལག་ཁང་ཕལ་ཆེར་ཞིག་གསོས་མཛད། སྐབས་དེར་ཐུགས་སྤྲུལ་འཇིགས་ནོར། ཕྱོགས་སྤྲུལ་འཇིགས་རྡོར། བྱམས་སྤྲུལ་འཇམ་བསྟན་སོགས་ལ་སྨིན་གྲོལ་གྱི་གདམས་པ་ཕུལ་ཏེ། གདུལ་བྱའི་མཐའ་ཡས་པ་བསྐྱངས་པའི་མཐར། དོན་བདུན་པ་ས་སྤྲེལ་ ༡༨༤༨ ལོར་གཤེགས་སོ། །

{{#arraymap:རྗེ་མཁན་ཁྲི་ཉེར་ལྔ་པ་ཤེས་རབ་རྒྱལ་མཚན་

|; |@@@ | | }}