78254

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་དྲུག་པ་ངག་དབང་ལྷུན་གྲུབ་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཐིམ་ཅང་སྒང་ཁའི་གདུང་རབས་སུ། རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་ ༡༦༧༠ ལོར་འཁྲུངས། དགུང་ལོ་བཅུར་དགེ་འདུན་གྱི་སྡེར་ཞུགས། མཁན་བསོད་ནམས་འོད་ཟེར་ལས་དགེ་ཚུལ་དང༌། སྡོམ་རྒྱུན་འཛིན་པ་ཤཱཀྱ་འོད་ཟེར་ལས་བསྙེན་པར་རྫོགས། དྲུང་ཡིག་ཚེ་རྡོར་དང༌། དགེ་བཤེས་ངག་དབང་འབྲུག་པ་སོགས་ལས་བཅུ་ཕྲག་རིག་གནས་ལ་སྒྲོ་འདོགས་ཆོད་པར་མཛད། རིགས་བདག་ཁྲི་ཆེན་རིན་པོ་ཆེ་ལས་སྨིན་གྲོལ་གདམས་པའི་གསན་བསམ་མཐར་སོན། དོན་བརྒྱུད་གདམས་པའི་མཛོད་དུ་གྱུར། དེ་ནས་རྡོ་རྗེ་སློབ་དཔོན་དང་རྟ་ལང་བླ་མ་རིམ་པར་མཛད་དེ། ང་ལྔ་ལ་མཁན་ཁྲིར་བྱོན། ལོ་དྲུག་གི་བར་དུ་སྨིན་གྲོལ་གདམས་པའི་ཆར་ཕབ་སྟེ། བསྟན་པ་ཚུལ་བཞིན་བསྐྱངས། རེ་གཅིག་པ་ལྕགས་ཁྱི་ ༡༧༣༠ ལོར་གཤེགས་སོ། །

{{#arraymap:རྗེ་མཁན་ཁྲི་དྲུག་པ་ངག་དབང་ལྷུན་གྲུབ་

|; |@@@ | | }}