78255

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་བཅུ་གཉིས་པ་ཀུན་དགའ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་འཁྲུངས་ཡུལ་སྟོད་པ་ཕན་བདེ་ཁར། རབ་བྱུང་བཅུ་གཉིས་པའི་ཆུ་སྟག་ ༡༧༢༢ ལོར་འཁྲུངས། དགུང་ལོ་ལྔ་ནས་ཐ་བྲག་སྤྲུལ་སྐུ་གསང་སྔགས་རྒྱ་མཚོ་ལ་གཏུགས་ཏེ་སློབ་སྦྱོང་གནང༌། དེ་ནས་ཁྲི་སྤྲུལ་མི་ཕམ་དབང་པོའི་ཞབས་འབྲིང་དུ་འཁོད་དེ་དགུང་གྲངས་བཅུ་གསུམ་ལ་འདུས་སྡེར་ཞུགས། མཁན་ངག་ཕྲིན་ལས་དགེ་ཚུལ་གྱི་སྡོམ་པ་མནོས། སྒྲ་སྡེར་ཞུགས་ནས་འབྲུག་པ་ལོ་ཙཱ་བ་ངག་དབང་དཔལ་བཟང་ནས་སུམ་སྙན་དང་སྒྲའི་མཚམས་སྦྱོར་སོགས་གསན་སྐབས། གོང་སའི་བཀའ་བཞིན་འབྲུག་པ་ལོ་ཙཱ་བ་དེ་ཉིད་དང་གྲོགས་བཅས་བོད་ཡུལ་ལྷོ་ཁུལ་གཉལ་དྲེའུ་ལྷས་སུ་ཀུན་དགའ་མི་འགྱུར་རྡོ་རྗེའི་སྤྱན་སྔར་བྱོན། འབྲུག་ལུགས་ཀྱི་དབང་རྒྱུན་མན་ངག་མང་ཙམ་གསན། འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་འཇམ་དབྱངས་ཕུན་ཚོགས་ཀྱི་ཞབས་དྲུང་དུ། གཞུང་ཆེན་བཀའ་པོད་དུ་མའི་གསན་སྦྱངས་ཀྱང་མཛད། སླར་རང་ཡུལ་དུ་ཕེབས། རིགས་བདག་བླ་མ་ཤཱཀྱ་རིན་ཆེན་གྱི་ཞབས་ལས་བསྙེན་རྫོགས་དང༌། རང་ལུགས་ཀྱི་སྨིན་གྲོལ་གདམས་སྐོར་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་ཉམས་བཞེས་ཀྱང་མཛད། མཚན་ཉིད་སློབ་དཔོན་མཛད་དེ་བཤད་གྲྭ་ལོ་ཤས་བསྐྱངས། སླར་ཡང་དཔོན་སློབ་ལྔ་ཙམ་བཅས་བོད་དུ་བཏེག ། དྲེའུ་ལྷས་སུ་གྲུབ་དབང་རིན་པོ་ཆེ་ལས་རང་ལུགས་གདམས་སྐོར་དང༌། ལྷ་ལྡན་དུ་གུང་པཎྜི་ཏ་པས་དབུ་འདྲེན་མཛད་དེ་སློབ་དཔོན་ཆོས་རྫོང་པ་སོགས་ལས་སྒྲ་ཀ་ཙན་དབྱངས་གསུམ་དང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་གསན་ཏེ། གཞུང་སར་རྒྱུགས་འབུལ་མཛད་སྐབས་མཁས་པའི་གྲགས་པ་ཐོན། སླར་བྱོན། དཔོན་སློབ་རྣམས་ཀྱིས་སྐད་གཉིས་སྨྲ་བའི་སྒྲ་སྡེ་སྤེལ་བར་མཛད། ཞེ་བདུན་པ་ས་ཁྱི་ལ་གཏེར་སྟོན་འབྲུག་སྒྲ་རྡོ་རྗེའི་གདན་ས་རླུང་ཅུ་ཟེ་ལ་བཅད་རྒྱར་བཞུགས་དུས་གཟིགས་སྣང་ཁྱད་པར་ཅན་བྱུང་ནས་ལྷ་རྫོང་བཀྲ་ཤིས་སྒང་གི་གདན་ས་བཏབ། ཞེ་བརྒྱད་ལ་མཁན་ཁྲིར་བྱོན་ནས་ལོ་གཉིས་ཀྱི་བར་བསྐྱངས། ལྔ་བཅུ་པར་དབེན་པར་གཞོལ། ཀུན་བཟང་རྒྱལ་མཚན། བྱམས་སྤྲུལ་ཡེ་ཤེས་རྡོ་རྗེ། ཤཱཀྱ་བསྟན་འཛིན་སོགས་སློབ་མ་མང༌། ང་གཅིག་ཆུ་འབྲུག་ ༡༧༧༢ ལོར་གཤེགས་སོ། །

{{#arraymap:རྗེ་མཁན་ཁྲི་བཅུ་གཉིས་པ་ཀུན་དགའ་རྒྱ་མཚོ་

|; |@@@ | | }}