78256

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་བཅུ་གསུམ་པ་ཡོན་ཏན་མཐའ་ཡས་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཐིམ་རྒྱུད་གྲོང་གཞི་མེ་ལྟེམ་དུ། སྐྱུ་རུའི་གདུང་འཛིན་མཚམས་བྲག་ཆོས་རྗེ་ངག་དབང་འབྲུག་པའི་དབོན་སྲས་སུ། རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་ ༡༧༢༤ ལོར་འཁྲུངས། དགུང་གྲངས་བརྒྱད་ལ་ཁྲི་སྤྲུལ་མི་ཕམ་དབང་པོའི་ཞབས་ཕྱིར་ཚུད་དེ་འདུས་སྡེར་ཞུགས། མཁན་ངག་ཕྲིན་ལས་ལ་དགེ་ཚུལ་ཞུས། སྒྲ་སྡེར་ཞུགས་ཏེ་འབྲུག་ལོ་ཙཱ་བ་ངག་དབང་དཔལ་ལྡན་བཟང་པོའི་དྲུང་ནས་སུམ་སྙན་དང༌། སྒྲའི་མཚམས་སྦྱོར་སོགས་གསན་སྐབས་གོང་སའི་བཀའ་བཞིན་བོད་ལ་བྱོན། དྲེའུ་ལྷས་གྲུབ་དབང་ཞབས་དང༌། འབྲས་སྤུངས་མཁན་པོ་ལས་མདོ་སྔགས་ལ་གསན་སྦྱངས་མཛད་དེ། སླར་བྱོན། མཁན་ཆེན་ཤཱཀ་རིན་ལས་བསྙེན་རྫོགས་དང་གདམས་པ་གསན། དེ་ནས་སྤ་གྲོ་ལ་སྟེང་བླ་མར་བསྐོས། དེར་སྒྲུབ་ལ་ནན་ཏན་མཛད་པས་ཉམས་རྟོགས་སྐྱེས། མཚན་སློབ་མཛད་ནས་བཤད་གྲྭ་ལོ་ཤས་བསྐྱངས། རང་གནས་མཚམས་བྲག་དང་བླ་མའི་གདན་ས་རྣམས་སུ་འགྲོ་དོན་མཛད་བཞིན་པར། ཞེ་བརྒྱད་ལ་མཁན་ཁྲིར་བྱོན། འདིའི་སྐབས་ཐིམ་རྫོང་མེས་འཇིག་པར་སླར་གདན་ས་ཀླུ་གྲོང་པའི་ཞིང་སར་གསར་འདེབས་མཛད། ལོ་ངོ་བཞིའི་བར་བསྟན་པའི་ཁུར་ཆེན་བཞེས། ང་གཉིས་ལ་ཟུར་བཞུགས་མཛད་དེ། དབེན་གནས་བྱ་རྒོད་ཕུང་པོའི་མཚམས་མལ་དུ་སྐུ་ངལ་བསངས། རྗེ་འདིས་ཐུབ་བསྟན་མདོ་སྡེ་བྲག་གི་གདན་ས་གསར་བཏབ་དང༌། སྤུངས་རྫོང་མེ་སྐྱོན་བྱུང་བ་ཉམས་གསོ་སོགས་བསྟན་པ་ལ་ཕྱག་རྗེས་ཟླ་མེད་དུ་བཞག་ཅིང༌། རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དང༌། འཇམ་དབྱངས་རྒྱལ་མཚན་སོགས་སློབ་མ་མང་པོའང་རྗེས་སུ་བཟུང༌། ང་བརྒྱད་པར་ཙ་རི་ལ་བྱོན། གཟིགས་སྣང་ངོ་མཚར་ཅན་མང་པོ་དང༌། མཐུ་ཆེན་བླ་མའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་ལུང་བསྟན་བསྩལ། སླར་འཁོར་ཏེ། ལུང་དོན་ཇི་བཞིན་བསྟན་སྤྱིའི་ཞབས་རིམ་རྣམས་མཛད་པའི་མཐར། དགུང་ལོ་རེ་གཅིག་པ་ཤིང་འབྲུག་ ༡༧༨༤ ལོར་གཤེགས་སོ། །གསུང་རྩོམ་སྐོར་ད་ལྟར་པོད་གཉིས་གསུམ་ཙམ་བཞུགས་སོ། །

{{#arraymap:རྗེ་མཁན་ཁྲི་བཅུ་གསུམ་པ་ཡོན་ཏན་མཐའ་ཡས་

|; |@@@ | | }}