78262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་བཅོ་ལྔ་པ་ཀུན་བཟང་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཝང་འགྲམ་མའི་སར། རབ་བྱུང་བཅུ་གཉིས་པའི་ས་བྱ་ ༡༧༢༩ ལོར་འཁྲུངས། གཞོན་ནུའི་དུས་ནས་འདུས་སྡེར་ཞུགས། མཁན་བསྟན་ནོར་དང༌། ཤཱཀ་རིན་ཞབས་ནས་བསླབ་ཚིགས་རིམ་པར་མནོས། ཕྱི་མ་ལས་སྨིན་གྲོལ་ཅི་རིགས་གསན། ཁྱད་པར་བཀའ་དྲིན་གསུམ་ལྡན་རྗེ་ཀུན་དགའ་རྒྱ་མཚོར་བསྟེན་ནས་མདོ་སྔགས་གཞུང་ལུགས་སྤྱི་དང༌། བྱེ་བྲག་སྒྲ་རིག་གནས་ལ་མཁས་པའི་ཕུལ་དུ་ཕྱིན། རྗེས་ཀྱང་འདིའི་རྩོམ་ལ་ཐུགས་ཤིན་ཏུ་མཉེས་ཏེ་ཡང་ཡང་བསྔགས། སྲས་ཀྱི་ཐུ་བོར་བཟུང༌། གསན་སྒོམ་དཔྱིས་ཕྱིན་པར་མཛད་པས་མཁས་གྲུབ་གཉིས་ལྡན་དུ་གྱུར། དེ་ནས་ཞབས་དྲུང་ཐུགས་སྤྲུལ་ཆོས་ཀྱི་རྒྱལ་མཚན་གྱི་ཡོངས་འཛིན་དུ་བྱོན། སྒྲ་སློབ་ཀྱི་གོ་སར་བཞུགས། དགུང་ལོ་ང་གསུམ་ལ་མཁན་ཁྲི་བཟུང༌། ལོ་གསུམ་གྱི་བར་ཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་བསྐྱངས། ང་དྲུག་པར་གློ་བུར་དུ་བསྙུན་ཐེབས་ཏེ་ཟུར་བཞུགས་མཛད། ང་བརྒྱད་པ་མེ་རྟ་ ༡༧༨༦ ལོར་གཤེགས་སོ། །

{{#arraymap:རྗེ་མཁན་ཁྲི་བཅོ་ལྔ་པ་ཀུན་བཟང་རྒྱལ་མཚན་

|; |@@@ | | }}