78286

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་སོ་གཅིག་པ་ཡོན་ཏན་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཁོང་ནི། སྦེད་ནག་ཐེམ་པ་ཁར། རབ་བྱུང་བཅུ་གསུམ་པའི་ཤིང་བྱི་ ༡༨༠༤ ལོར་འཁྲུངས། གཞོན་ནུ་ནས་འདུས་སྡེར་ཞུགས། མཁན་འཇམ་གྲགས། འཇིགས་མེད་རྒྱལ་མཚན། ཤེས་རབ་རྒྱལ་མཚན་སོགས་ལས་སྡོམ་པའི་བསླབ་ཚིགས་ནས་བཟུང་ཐུན་མོང་དང་ཐུན་མིན་གྱི་སྨིན་གྲོལ་རྣམས་གསན་སྒོམ་སྤེལ་མར་མཛད། མང་ཐོས་གདམས་པར་ཤར་བའི་མཁས་གྲུབ་གཉིས་ལྡན་དུ་གྱུར། སོ་དྲུག་ལ་ཐུགས་སྤྲུལ་འཇིགས་མེད་ནོར་བུའི་ཡོངས་འཛིན་གནང༌། ཞེ་བརྒྱད་ལ་མཁན་ཁྲིར་ཕེབས། ལོ་བདུན་གྱི་བར་དུ་སྨིན་གྲོལ་གདམས་པའི་ཁྲིད་རིམ་འཆད་ཉན་གྱི་རྒྱུན་སྤེལ། ཕྲིན་ལས་རྒྱལ་མཚན་དང༌། ཡེ་ཤེས་དངོས་གྲུབ་སྟེ་མཆོག་སྤྲུལ་གཉིས་ཀྱིས་གཙོས་བརྒྱུད་སྲོལ་ཟིན་པ་མང་དུ་བྱུང་བས། ཕྱིས་མཁན་རབས་ཕལ་ཆེར་འདི་ལས་གྱེས། དེ་ནས་དབེན་པར་གཞོལ་ནས་བཀྲ་ཤིས་སྒང་དང་སེ་ལའི་གདན་སར་གདུལ་བྱའི་ཐ་མ་བསྐྱངས། རེ་བདུན་པ་ལྕགས་རྟ་ ༡༨༧༠ ལོར་གཤེགས་སོ། །

{{#arraymap:རྗེ་མཁན་ཁྲི་སོ་གཅིག་པ་ཡོན་ཏན་རྒྱལ་མཚན་

|; |@@@ | | }}