78288

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་སོ་གསུམ་པ་ཀུན་དགའ་དཔལ་འབྱོར་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་སྤ་གྲོ་དོལ་སྟེང་བྱ་སྦིས་སུ། རབ་བྱུང་བཅུ་གསུམ་པའི་མེ་སྟག་ ༡༨༠༦ ལོར་འཁྲུངས། གཞོན་ནུ་ནས་གཞུང་གྲྭར་ཞུགས། མཁན་འཇམ་གྲགས་དང༌། ཤེར་རྒྱལ་སོགས་ནས་བསླབ་ཚིགས་དང་ཐོས་བསམ་སྨིན་གྲོལ་གདམས་སྐོར་གསན་བཞེས་མཛད་ཅིང༌། ཁྱད་པར་སྒྲ་སློབ་སྐལ་ལྡན་ཟླ་བ་ལས་སྒྲ་རིག་པར་མཁས་པར་སྦྱངས། དེ་ནས་སྒྲ་སློབ་མཛད། དགུང་གྲངས་ང་ལྔ་ལ་མཁན་ཁྲིར་ཕེབས། ལོ་གཅིག་སོང་བའི་ང་དྲུག་པ་ལྕགས་བྱ་ ༡༨༦༡ ལོར་ཁྲི་ཐོག་ཏུ་གཤེགས་སོ། །

{{#arraymap:རྗེ་མཁན་ཁྲི་སོ་གསུམ་པ་ཀུན་དགའ་དཔལ་འབྱོར་

|; |@@@ | | }}