78785

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟ་ཚག་ཡེ་ཤེས་བློ་བཟང་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་ཕྱི་ལོ་ ༡༧༦༠ ལོར་སྤོ་བོ་མལ་ཇོའི་གྲོང་དུ་འཁྲུངས། དགུང་ལོ་ལྔ་པར་རྗེ་དྲུང་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་གདན་ས་དཔའ་ཤོད་དགོན་དུ་གདན་དྲངས། དྲུག་པར་ཁྲི་འདོན་མཛད་སྒོ་མཛད། བརྒྱད་པར་མཁན་ཆེན་དཔལ་ལྡན་སྙན་གྲགས་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། བཅུ་གཉིས་པར་སྐུ་འབུམ་དགོན་དང་། སོག་ཡུལ་ཁྲི་ཏིར་ཕེབས། གོང་མ་ཆིན་ལུང་དང་ཐུག་འཕྲད་མཛད། ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། ལོ་བཅུའི་རིང་སོག་ཡུལ་དོ་ལོ་ནོར་དུ་བཞུགས། དཔལ་ལྡན་གྲགས་པ་ལས་གཞུང་ལུགས་དག་ལ་སྦྱངས། བཅོ་ལྔ་པར་ཤར་རྩེ་མཁན་པོ་ནོ་མིན་ཧན་བློ་བཟང་འཇམ་དཔལ་ལས་ལམ་རིམ་བཅས་ཆོས་མང་དུ་གསན། ཉེར་གཅིག་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་ལྷན་པེ་ཅིན་དུ་ཕེབས། ཞེ་ཧོ་བཀྲ་ཤིས་ལྷུན་པོར་གོང་མར་ཐུག་འཕྲད་ཀྱི་མཛད་སྒོར་ཞུགས། ཉེར་གསུམ་པར་དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། སྒོ་མང་མཁན་སྐལ་བཟང་དངོས་གྲུབ་ལས་གཞུང་ཆེན་ལྔར་ལོ་བརྒྱད་རིང་ཐོས་བསམ་མཛད། སུམ་ཅུ་པར་གོར་ཥའི་སྡེ་གཟར་འཁྲུན་གཅོད་བྱ་ཕྱིར་དབུས་སུ་ཕེབས་ཏེ། སྲིད་སྐྱོང་གི་འགན་བཞེས། གོང་མས་སྦི་ལི་ཐུ་ནོ་མིན་ཧན་གྱི་ཆོ་ལོ། ཕྱག་མཛོད་ཛ་སག་ལ་ཏཱ་བླ་མའི་གོ་གནས་ཕུལ། སོ་གསུམ་པར་གཙང་ནས་གོར་ཥའི་བཙན་འཛུལ་པ་ཕྱིར་བསྐྲད། གོང་མས་ཡེ་ཤེས་ཡོངས་རྫོགས་བསམ་གཏན་མཁན་པོ་ཞེས་པའི་ཆོ་ལོ་ཕུལ། ལྷ་སར་དབུས་གཙང་ཀུན་བདེ་གླིང་ཞེས་པའི་གདན་ས་བཏབ། རྒྱལ་བ་ལུང་རྟོགས་རྒྱ་མཚོ་ངོས་འཛིན་གྱི་ལས་དོན་མཛད། རབ་བྱུང་བཅུ་བཞི་པའི་ལྕགས་རྟ་ཕྱི་ལོ་ ༡༨༡༠ ལོར་ཀུན་བདེ་གླིང་དུ་སྐུ་གཤེགས། གསུང་རྩོམ་ནི་རྣམ་ཐར་ལ་བལྟས་ན་པོད་གཉིས་བཞུགས་པར་བཤད། རྟ་ཚག་སྐུ་ཕྲེང་དྲུག་པ་ཡིན།

{{#arraymap:རྟ་ཚག་ཡེ་ཤེས་བློ་བཟང་

|; |@@@ | | }}