79415

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོགས་ལྡན་ངག་དབང་དགེ་ལེགས་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition རྟོགས་ལྡན་ངག་དབང་དགེ་ལེགས་རྣམ་རྒྱལ་མཆོག་ནི། ནང་ཆེན་གནས་མཆོག་ཡེ་རྒྱལ་དང་ཉེ་བར། སྨྱུག་རུ་ཚང་དུ། རབ་བྱུང་བཅུ་བཞི་པའི་ལྕགས་ཕག་ ༡༨༥༡ ལོར་འཁྲུངས། ཆུང་ངུ་ནས་དགེ་བའི་བག་ཆགས་བཟང་བས་བྱམས་མེ་ཆོས་དཔལ་རྒྱ་མཚོ་ལ་གཙུག་ཕུད་ཕུལ་ཅིང༌། དབང་ཁྲིད་འགའ་ཞིག་གསན། ཁྱད་པར་རིགས་ཀྱི་བདག་པོ་གྲུབ་ཆེན་ཚོགས་གཉིས་ལས་རིམ་བཞིན་འབྲུག་པའི་གདམས་སྐོར་དང༌། རཏྣའི་ཟབ་གཏེར་སྐོར་སོགས་བུམ་པ་གང་བྱོར་གསན། བདེ་མཆོག་ཕུག་ཏུ་ཕྱག་ཆེན་སྔོན་འགྲོ་འབུམ་བཞི་བསགས། བྱམས་མེ་དགོན་དུ་ལོ་གསུམ་ཕྱོགས་གསུམ་གྱི་སྐུ་མཚམས་ཀྱང་མཛད་དེ་གདམས་པ་ཉམས་སུ་བཞེས་པས། རྟོགས་པ་མཆོག་ཏུ་གྱུར་པ་བརྙེས། མཚན་རིག་འཛིན་མཆོག་རབ་བདེ་ཆེན་ལས་ཀྱི་རྡོ་རྗེ་ཞེས་གྲགས། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས། ཚོགས་དགའ་ཁྱེད་ཀྱི་སློབ་མ་ངག་དགེ་འདི་རྟོགས་ལྡན་དཀྱུས་མ་ཞིག་ཡིན་བསམ་སྟེ། གཞན་དང་མ་འདྲ་བ་ཞིག་འདུག་ཅེས་བསྔགས་བརྗོད་དང༌། ངག་དགེ་རྡོ་རྗེ་འཆང་ཞེས་པའི་མཚན་བསྟོད་བསྩལ། གསང་ཆེན་ལྷུན་གྲུབ་སྡིངས་ཀྱི་སྒྲུབ་སྡེ་གསར་དུ་ཕྱག་བཏབ། ཡོངས་འཛིན་ཤེས་བྱ་ཀུན་མཁྱེན། མདོ་ཁམས་བསྟན་པའི་ཉི་མ། གཏེར་སྲས་ཚེ་དབང་གྲགས་པ་སོགས་དམ་པ་དུ་མར་སྤྱན་དྲངས་ཤིང༌། ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ་བ་སོགས་བསྟན་འགྲོའི་དོན་ཆེ་བར་མཛད། རྗེ་འདི་སེ་བན་རས་པའི་སྤྲུལ་པར་གྲགས་ཤིང༌། གྲུབ་དབང་ཚོགས་གཉིས་ཀྱི་སློབ་མ་ཉི་ཟླ་ལྟ་བུ་གཉིས་ལས་ཟླ་བ་ལྟ་བུ་ཡིན། དགུང་ལོ་ང་བཞི་པ་ཤིང་འབྲུག་ ༡༩༠༤ ལོའི་བོད་ཟླ་དང་པོའི་ཚེས་བཅུ་གསུམ་ལ་ཞི་བར་གཤེགས་སོ། །

{{#arraymap:རྟོགས་ལྡན་ངག་དབང་དགེ་ལེགས་རྣམ་རྒྱལ་

|; |@@@ | | }}