79764

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྣལ་འབྱོར་པ་རྟོགས་པ་མཆོག་ལྡན་གྱིས་བསྐལ་ལྡན་གྱི་སློབ་མར་གསང་སྔགས་ཀྱི་དབང་སྐུར་སྐབས་ནམ་མཁའི་དབྱིངས་དང་མཉམ་པར་སྤྲོས་པའི་རྒྱལ་བའི་དཀྱིལ་འཁོར་སྣ་ཚོགས་པ་སྟེ། ཕྱོགས་བཅུའི་མུན་སེལ་དུ། ཆེན་པོའི་ཆེན་པོ་ནམ་མཁའ་དབྱིངས་ཀྱི་བསམ་ཡས་པར། རིག་འཛིན་གྱི་དཀྱིལ་འཁོར་དངོས་སུ་སྤྲུལ་པའམ། སངས་རྒྱས་ཀྱི་དཀྱིལ་འཁོར་རིགས་སྣ་ཚོགས་པ་བསྒོམ་སྟེ་དབང་བསྐུར་བ་ཡིན་ནོ། །དེའི་དོན་ཡང་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་དཀྱིལ་འཁོར་དངོས་སུ་སྤྲུལ་ཏེ་སློབ་མ་ལ་དབང་བསྐུར་བ་ནི། སྔོན་མཚོ་མ་ཕམ་གྱི་འགྲམ་དུ་མཚོ་ལ་ཐིག་བཏབ་ནས་འཇམ་དཔལ་གྲགས་པ་ལ་སློབ་དཔོན་སངས་རྒྱས་གསང་བས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དངོས་སུ་བསྟན་ནས་དབང་བསྐུར་བ་དང་། སློབ་དཔོན་ཆེན་པོ་པདྨ་སྟག་ཚང་སེངྒེ་ཕུག་ཏུ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པ་བསྟན་ནས་མཚོ་རྒྱལ་ལ་དབང་བསྐུར་བ་ལྟ་བུའོ། །ཞེས་དང་། བཞི་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ལའང་གཉིས་ལས། གང་ཟག་གང་གིས་ཇི་ལྟར་བསྒྲུབ་པ་ནི། རྣལ་འབྱོར་པ་ཡབ་ཐབས་དང་ཡུམ་ཤེས་རབ་ཀྱི་རང་བཞིན་གྱིས། དེ་བཞིན་གཤེགས་པ་ལྔ་དང་ལྔའི་ཡུམ་དུ་བསྒོམ་ཞིང་དབང་པོ་དང་རྟོག་ཚོགས་སེམས་དཔའ་དང་སེམས་མ་སྒོ་བ་ཡབ་ཡུམ་དང་བཅས་པ་ཉིད་དུ་བསྒོམ་པར་བྱའོ། །ལྷ་དེ་དག་ཀྱང་འོད་ཟེར་གྱི་ཚོགས་རྣམ་པ་མང་པོ་ཕྱོགས་བཅུར་འཕྲོ་བའོ། །འགྲེལ་པ་སྤར་ཁབ་ལས་འདི་སྒྱུ་འཕྲུལ་བསྡུས་པ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་ཡིན་ནོ་ཟེར་བའང་མི་འགལ་མོད་ཀྱི། གཞུང་དུ་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་གསལ་ལོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་

|; |@@@ | | }}

རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ (2)
Part of speech མིང་ཚིག
Definition ཨ་ནུ་ཡོ་ག རྙིང་མ། ཐབས་ཀྱི་སྦས་ཚོགས་དང་དོན་གཅིག་ཡིན།

{{#arraymap:རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་

|; |@@@ | | }}

རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ (3)
Part of speech མིང་ཚིག
Definition རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། དོན་དམ་གདོད་མ་མི་འགྱུར་བའི་ཡེ་ཤེས་ཀྱི་ཕུང་པོ་ནི་ཁྱབ་བདག་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རབ་འབྱམས་སུ་འཆར་བ་ན། མི་འགྱུར་བའི་བྱ་བ་ལེན་པ་ནི་ཁྲོ་མོ་ཁེངས་བྱེད་མའི་དཀྱིལ་འཁོར་རབ་འབྱམས་སུ་འཆར་བའི་བར་དུ་སྦྱོར་ཏེ་ཆོས་དབྱིངས་རང་གི་ངོ་བོས་གདོད་མ་ནས་དཀྱིལ་འཁོར་དུ་རང་ཤར་བ་ཡིན་ཞིང་། དེ་ཉིད་འདས་པའི་རྒྱལ་བ་རྣམས་ཀྱིས་མངོན་དུ་བྱས་ཀྱང་གསར་དུ་གྲོལ་བ་ཐོབ་པའི་སྒྲུབ་པ་པོ་དེ་ཉིད་ཀྱི་བློ་ངོས་ནས་དེ་ཉིད་གྲོལ་བ་ཐོབ་པ་ན་གདོད་དཀྱིལ་འཁོར་དུ་ཤར་ཞེས་བྱའོ། །དེ་ཡང་ཕུང་པོ་དྲུག་ལ་ཡེ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་དང་། ཚོར་བ་རིན་འབྱུང་དང་། རྣམ་ཤེས་མི་བསྐྱོད་པ་དང་། གཟུགས་ཕུང་རྣམ་སྣང་དང་། འདུ་བྱེད་དོན་ཡོན་གྲུབ་པ་དང་། འདུ་ཤེེས་འོད་དཔག་མེད་དེ། དེ་རྣམས་དོན་དམ་པའི་ཕུང་པོའི་རིགས་ཏེ་ཆོས་ཉིད་དོ། །ཁམས་དྲུག་ལ་ཡེ་ཤེས་ཀྱི་ཁམས་ནི་ཤེར་ཕྱིན་མ། མེ་གོས་དཀར་མོ། ནམ་མཁའ་རྡོར་དབྱིངས་དབང་ཕྱུག་མ། ས་སངས་རྒྱས་སྤྱན་མ། རླུང་སྒྲོལ་མ། ཆུ་མཱ་མ་ཀཱི་སྟེ་ཁམས་དྲུག་གི་རིགས་ཆོས་ཉིད་རྣམས་སོ། །དབང་པོ་དྲུག་ལ་ཡིད་ཀུན་ཏུ་བཟང་པོ། མིག་སའི་སྙིང་པོ། རྣ་བ་ཕྱག་ན་རྡོ་རྗེ། ལུས་སྒྲིབ་པ་རྣམ་སེལ། སྣ་ནམ་མཁའི་སྙིང་པོ། ལྕེ་འཇིག་རྟེན་དབང་ཕྱུག་སྟེ། དབང་པོ་རྣམས་ཀྱི་རིགས་ཆོས་ཉིད་དོ། །ཡུལ་དྲུག་ལ་སྒྲ་ནི་སྒྲ་རྡོ་རྗེ་མ། རོ་ནི་རོ་རྡོ་རྗེ་མ། དྲི་ནི་དྲི་རྡོ་རྗེ་མ། རེག་བྱ་རེག་བྱ་རྡོ་རྗེ་མ། གཟུགས་ནི་གཟུགས་རྡོ་རྗེ་མ་སྟེ། དེ་དག་ཀྱང་ཡུལ་དྲུག་པོ་རྣམས་ཀྱི་རིགས་ཏེ་ཆོས་ཉིད་དོ། །ལས་ཀྱི་དབང་པོ་དྲུག་ལ་མཆོག་གི་དབང་པོ་ནི་གནོད་མཛེས། ལག་པའི་དབང་པོ་ནི་ཤེས་རབ་མཐར་བྱེད། ཆུ་ལམ་གྱི་དབང་པོ་ནི་གཙུག་ཏོར་ཅན། བཤང་ལམ་ནི་གཤིན་རྗེ་མཐར་བྱེད། ངག་ནི་བགེགས་མཐར་བྱེད་རྐང་པ་ནི་པདྨ་མཐར་བྱེད་དེ། ལས་དབང་གི་རིགས་ཆོས་ཉིད་རྣམས་སོ། །ཡུལ་ལམ་བྱ་བ་དྲུག་ལ་ཁུ་བ་འཕོ་བ་དྲག་པོའི་མིག་མ། འགྲོ་བ་རྨུགས་བྱེད་མ། དྲི་ཆུ་འཕེན་པ་ཤིན་ཏུ་སྔོན་མོ། སྨྲ་བ་རེངས་བྱེད་མ། བཤང་བ་འདོར་བ་ཤིན་ཏུ་བརྩོན་འགྲུས་མ། ལེན་པ་ཁེངས་བྱེད་མ་སྟེ། ལས་དབང་གི་བྱ་བ་དྲུག་གི་རིགས་ཆོས་ཉིད་རྣམས་སོ། །

{{#arraymap:རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་

|; |@@@ | | }}