80422

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་གསུམ་དབྱེར་མེད་ (1)
Part of speech མིང་ཚིག
Definition འདིར་ཨོ་རྒྱན་པདྨ་འབྱུང་གནས་དང་། ཇོ་བོ་ཨ་ཏི་ཤ་དང་། རྗེ་ཙོང་ཁ་པ་ཆེན་པོ་རྣམ་དག་ནི་དབྱེར་མ་མཆིས་པ་ཞེས་པ་སྟེ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཞལ་ནས། རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་། ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ། སྣ་ཚོགས་སྤྲུལ་པའི་གར་མཛད་དེ་ལ་འདུད། ཅེས་གསུང་པ་ལྟར་བོད་ཁ་བ་ཅན་གྱི་ལྗོངས་འདིར་སྦྲུལ་བའི་གར་གྱིས་རོལ་བའི་མཁས་གྲུབ་དམ་པ་རྣམ་གསུམ་གྱིས་ཐུབ་པའི་བསྟན་པ་དར་ཞིང་སྤེལ་བའོ་ཞེས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་གསུམ་དབྱེར་མེད་

|; |@@@ | | }}